44442

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒྲུབ་པའི་ཚུལ་ལས་གྱུར་པའི་ཉེས་བྱས་ཀྱི་སྡེ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ན་བ་རྣམ་པ་བརྒྱད་རྣམས་སོ། །ཞེས་ཏེ། འགྲེངས་ཏེ་གཤང་གཅི་མི་བྱ། ཆུའི་ནང་དུ་མི་བྱ། བྱས་ཟིན་མི་དོར་རོ། །དེ་བཞིན་དུ་སྣབས་དང་། སྐྱུགས་པ་དང་། རླུགས་པ་དང་། ལུད་པ་རྣམས་ཆུའི་ནང་དུ་མི་བྱ། བྱས་ཟིན་མི་དོར་རོ། །རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་དེ་དག་མི་བྱ། མི་དོར་རོ། །ཕྱོགས་ཐམས་ཅད་དུ་རྩྭ་སྔོན་གྱིས་ཁྱབ་ན་ལྟུང་བ་མེད་དོ། །དེ་དག་ནི་སྒྲུབ་པའི་ཚུལ་ལས་གྱུར་པའི་སྡེའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། །ན་བ་རྣམ་པ་བཞི་རྣམས་སོ། །ཞེས་པས་བསྟན། དོན་ནི། མི་ན་བར་འགྲེང་སྟེ་བཤང་ལྕི་མི་བྱ། ཐམས་ཅད་ཆུས་གང་སྟེ་གོ་སྐབས་མེད་པ་མ་གཏོགས་པར་མི་ན་བས་ཆུའི་ནང་དུ་བཤང་ལྕི་དང། མཆིལ་མ་དང། སྣབས་དང། སྐྱུགས་པ་ལ་སོགས་པ་དོར་བར་མི་བྱ། ཕྱོགས་དེར་རྩྭ་སྔོན་པོས་ཁྱབ་ནས་གོ་སྐབས་མ་བྱུང་ན་མ་གཏོགས་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་ལྕི་ལ་སོགས་པ་དོར་བར་མི་བྱ། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་ལྷག་པར་མི་འཛེག་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།