44445

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒྲུབ་པར་བྱ་བའི་དམ་ཚིག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གཡུང་དྲུང་རིགས་སོགས་བདེར་གཤེགས་རིགས་ལྔའི་སྐུ་རུ་བསྒྲུབ་པར་བྱ་བ་དེ་ལས་མི་འདའ་ཞིང་བསྲུང་བར་བཅས་པ་དེ་ཡིན་ལ། དབྱེ་ན་ལྔ་སྟེ། འགུ་ཡ་ལས། བསྒྲུབ་པར་བྱ་བའི་དམ་ཚིག་ལྔ། གཡུང་དྲུང་རིགས་དང་ལས་ཀྱི་རིགས། པད་མའི་རིགས་དང་རིན་ཆེན་རིགས། དེ་བཞིན་གཤེགས་པའི་རིགས་དང་ལྔ། གང་དུ་བསྟན་པ་དེ་རྣམས་ལ། དོན་ཡོད་པ་རུ་བྱ་བ་དང་། བོན་རྣམས་ཡེ་ནས་སངས་རྒྱས་སུ། མ་གྲུབ་གང་ཡང་མེད་པའི་ཕྱིར། འབྲས་བུ་བསྟན་པ་རྒྱུ་ཉིད་ལ། ནན་ཏན་བྱེད་ཕྱིར་བསྟན་པའོ། །ཞེས་པས། བདེ་བར་གཤེགས་པ་རིགས་ལྔ་དེ་དག་གི་སྐུ་གསུང་ཐུགས་སོགས་གང་དང་མཐུན་པ་བསྒྲུབ་པར་བྱ་བ་སྟེ། བོན་རྣམས་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའམ་སྐྱེ་མེད་གདོད་དག་ཡིན་པས་ཀུན་རྫོབ་རོལ་པའམ་སྣང་བཅས་སུ་གང་ཡང་བསྒྲུབ་ཏུ་བཏུབ་པ་ཡིན་ལ། དེ་ཡང་བསྒྲུབ་བྱ་འབྲས་བུ་སྐུ་དང་ཡེ་ཤེས་ཕྲིན་ལས་སོགས་སྔོན་དུ་བསྟན་པ་ནི་དེ་དག་ལ་དགའ་བྲོད་སྐྱེ་ཞིང་དེའི་འགྲུབ་བྱེད་ཀྱི་རྒྱུ་ལ་ནན་ཏན་དུ་འབད་པའི་ཕྱིར་དུ་ཡིན་པར་བཤད་དོ། །
Domain ཆོས་ལུགས།