44455

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ལ་བསྒྲུབ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ལ་བསྒྲུབ་པ་ནི་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པ་ལྟ་བུ་ལ་སོགས་པ་དང་། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ཡོད་དེ། སེམས་ཅན་མ་ཡིན་པ་ལ་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བསྒྲུབ་པ། དེ་ལ་གསོལ་གཉིས་ཀྱི་ལས་ཀྱིས་བསྒྲུབ་པ། དེ་ལ་གསོལ་བཞིའི་ལས་ཀྱིས་བསྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། དེ་གསུམ་གྱི་མཚན་གཞི་ཡོད་དེ། ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པའི་ལས་ལྟ་བུ་དང་པོ་དང་། མཚམས་པོ་ཆེ་གཅོད་པའི་ལས་ལྟ་བུ་གཉིས་པ་དང་། སྲ་བརྐྱང་དབྱུང་བའི་ལས་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། གཉིས་པ་བསྒྲུབ་བྱ་སེམས་ཅན་ལ་བསྒྲུབ་པ་ལ་གཉིས་ཡོད་དེ། རབ་བྱུང་མ་ཡིན་པའི་སེམས་ཅན་ལ་བསྒྲུབ་པ་དང་། རབ་ཏུ་བྱུང་བའི་སེམས་ཅན་ལ་བསྒྲུབ་པ་གཉིས་ཡོད་པའི་ཕྱིར། དང་པོ་ལ་ལྔ་ཡོད་དེ། མུ་སྟེགས་ཅན་དགེ་བསྙེན་དུ་བསྒྲུབ་པ་ལ་གསོལ་བཞིའི་ལས་ཀྱིས་གནས་པ་སྦྱིན་པ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དང་། ཞིག་པར་བྱེད་པའི་ལས་དང་། ལྷུང་བཟེད་ཁ་སྦུབ་པའི་ལས་དང་། སྲང་བར་བྱེད་པའི་ལས་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།