From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བསྒྲུབ་བྱའི་ཆོས་ (1)
| Part of speech
|
མིང་ཚིག
|
| Definition
|
རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་བ་གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཅན་གྱི་སྟེང་དུ་རྟགས་ཀྱིས་དཔག་པར་བྱ་བ། མི་རྟག་པ་ལྟ་བུ། ཞེས་གསུངས།
|
| Domain
|
ཚད་མ།
|
བསྒྲུབ་བྱའི་ཆོས་ (2)
| Part of speech
|
མིང་ཚིག
|
| Definition
|
གཞི་ཆོས་ཅན་གང་ཡང་རུང་བའི་སྟེང་དུ། ཆོས་གང་ཞིག་སྒྲུབ་པའི་ཆོས་དེ་ལ་བསྒྲུབ་བྱའི་ཆོས་ཞེས་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། བཞི་པ་ལ། བསྒྲུབ་བྱའི་ཆོས་སུ་བཟུང་བ་བསྒྲུབ་བྱའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།
|