44490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྔགས་པ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་བྱུང་བ་སྟེ། སེམས་ཅན་གྱི་མཆོག་ཏུ་འགྱུར་ཞིང་བློ་དང་ལྡན་པར་འགྱུར་བ། འཆི་བའི་ཚེ་ལུས་བདེ་བ་དང་སེམས་དགའ་བཞིན་དུ་འཆི་བར་འགྱུར་བ། ལྷ་དང་མི་ལ་སོགས་པའི་གནས་གང་དང་གང་དུ་སྐྱེ་བར་འདོད་པ་དེ་དང་དེར་སྐྱེ་བར་འགྱུར་བ། ཚེ་རབས་སྔ་མ་ལ་ཅི་དང་ཅི་བྱས་ཐམས་ཅད་ཀྱང་དྲན་པར་འགྱུར་བ། ཚེ་རབས་དེ་དག་ཏུ་མི་དགེ་བའི་བཤེས་གཉེན་དང་ཕྲད་པར་མི་འགྱུར་གྱི་རྟག་ཏུ་སངས་རྒྱས་དང་ཕྲད་པར་འགྱུར་བ། ཐེག་པ་ཆེན་པོའི་ཆོས་དག་དེ་བཞིན་གཤེགས་པ་ལས་ཉན་པར་བྱེད་པ། ཐེག་པ་ཆེན་པོའི་ཆོས་ལ་དགའ་བ་དང༌། དད་པ་དང༌། མོས་པ་མང་བར་འགྱུར་བ། ཏིང་ངེ་འཛིན་གྱི་སྒོ་དང༌། གཟུངས་ཀྱི་སྒོ་གཉིས་ཐོབ་པར་འགྱུར་བ། བསྐལ་པ་གྲངས་མེད་པ་གསུམ་དུ་མི་ཐོགས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་བའོ། །
Domain ཆོས་ལུགས།