44492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྔགས་པའི་དཔེ་ (1)
Part of speech མིང་ཚིག
Definition དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་བཅུ་བདུན་པ་སྟེ། ཐོག་མར་དཔེ་ལ་ཁྱད་ཆོས་འགའ་ཞིག་གི་སྒོ་ནས་བསྔགས་པ་ཆེར་བརྗོད་དེ། དཔེ་ཅན་དང་མཚུངས་པར་སྟོན་པ་ཞིག་ལ་ཟེར།
Example བོད་མཁས་པས། འཆི་མེད་ལམ་གྱི་ཕྱོགས་ཆ་གཞལ་མི་ཕོད། །རྒྱ་མཚོ་རིན་ཆེན་ཕུང་བོ་འབྱུང་བའི་ཁུངས། ། དེ་དག་ཉིད་དང་འདྲེན་པ་ཁྱེད་ཀྱི་ཐུགས། །རྣམ་པ་ཀུན་ཏུ་མཚུངས་སོ་རྗེ་བླ་མ། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག