44503
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དམན་པའི་བསྔོ་བ་དང་། ལོག་པའི་བསྔོ་བ་དང་། མཆོག་གི་བསྔོ་བའོ། །དེ་ལ་དམན་པའི་བསྔོ་བ་ནི་ཚེ་འདི་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་འདོད་པའམ། ཚེ་ཕྱི་མ་མྱ་ངན་ལས་འདས་པ་ཕྱོགས་གཅིག་པ་ཉན་རང་ལྟ་བུ་ཐོབ་པར་འདོད་པ་འམ། ལྷ་ཡིན་ན་ཚངས་པ་དང་བརྒྱ་བྱིན་ལྟ་བུ་ཐོབ་པར་འདོད་པའམ། མི་ཡིན་ན་འཁོར་ལོ་བསྒྱུར་བ་ལྟ་བུ་ལ་སོགས་པ་ཐོབ་པར་འདོད་པ་ནི། དམན་པའི་བསྔོ་བ་ཡིན་ཏེ། དེར་མི་བསྔོ། ལོག་པར་བསྔོ་བ་ནི། རྒྱལ་པོ་མ་སྐྱེས་དགྲས་ཕ་གསོད་པར་གྱུར་ཅིག ཅེས་པས་བསྔོ་བ་ལྟ་བུ་ཡིན་ཏེ་དེར་མི་བསྔོ། འདོན་འདིར་མཆོག་ཏུ་བསྔོ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བསྔོ། དེ་ཡང་འབྲས་དཀར་མོ་ལོ་ལེགས་ན་ཕུབ་སོགས་ཞོར་ལ་འབྱུང་བ་དེ་བཞིན་དུ། བླ་ན་མེད་པའི་བྱང་ཆུབ་ཐོབ་ན། ལྷ་མའི་བདེ་བ་ཞོར་ལ་འབྱུང་བའོ། །གསུམ་པ་བསྔོ་བའི་མཁན་པོ་ནི། དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པས་བསྔོས་ན་བསྔོ་བ་ལ་དབང་། རྣལ་འབྱོར་པ་སེམས་ལ་དབང་ཐོབ་པས་བསྔོས་ན་བསྔོ་བ་ལ་དབང་། བྱང་ཆུབ་ཀྱི་སེམས་མངའ་བས་བསྔོས་ན་བསྔོ་བ་དབང་བ་ཡིན་གསུངས། བཞི་པ་ནི། ཚུལ་ལམ་ཐབས་ཅི་ལྟར་བསྔོ་བ་བ་ནི། དགེ་བའི་རྩ་བ་འགའ་ཞིག་བྱས་པའི་རྗེས་ལ་བསྔོས་ན་འགྲུབ། གྲངས་ལན་གསུམ་གྱི་བར་དུ་བསྔོས་ན་འགྲུབ། བསྔོ་བ། བསྔོ་བ་དང་། བསྔོའི་མཁན་པོ་གསུམ་དུ་མི་དམིགས་ཤིང་མཚན་མ་མེད་པར་བསྔོས་ན་འགྲུབ་པ་ཡིན། ཏི་རས་བཀའ་འབུམ་དབུ་མེད་ལྡེབ་གྲངས་ ༡༧༧ ལས་སོ། ། |
| Domain | ཆོས་ལུགས། |