44506
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཉེར་དགུ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔོ་བ་བཅུ་སྟེ། སེམས་ཅན་རྣམས་ཀྱི་འདུ་ཤེས་འགོག་ཅིང་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དང་པོ། མི་ཕྱེད་པ་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་གཉིས་པ། སངས་རྒྱས་ཐམས་ཅད་ལ་ཡང་དག་པར་བསྐྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་གསུམ་པ། ཐམས་ཅད་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཞི་པ། བསོད་ནམས་ཀྱི་མཛོད་མི་ཟད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་ལྔ་པ། དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དྲུག་པ། འགྲོ་བ་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བདུན་པ། དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བརྒྱད་པ། ཆགས་པ་མེད་ཅིང་བཅིངས་པ་དང༌། དཀྲོལ་བ་མེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དགུ་པ། ཆོས་ཀྱི་དབྱིངས་ཚད་མེད་པའི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཅུ་པའོ། ། |
| Domain | ཆོས་ལུགས། |