From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བསྔོ་བ་སྒོམ་ལམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་གཞན་གྱི་དགེ་རྩ་བླ་མེད་རྫོགས་བྱང་གི་རྒྱུར་བསྒྱུར་བར་བྱེད་པའི་ཐེག་ཆེན་ཟག་བཅས་སྒོམ་ལམ་ཞིག་ལ་སྐབས་འདིར་བསྔོ་བ་སྒོམ་ལམ་ཞེས་ཟེར། ངོ་བོ་དང་དབྱེ་བ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བསྔོ་བ་སྒོམ་ལམ་གྱི་ངོ་བོ་ཡང་བཤད་དུ་ཡོད་དེ། སྒོམ་ལམ་རྗེས་ཐོབ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་རང་གཞན་གྱི་དགེ་རྩ་རྫོགས་བྱང་དུ་བསྒྱུར་བར་བྱེད་པའི་ཟག་པ་དང་བཅས་པའི་རྗེས་ལ་མངོན་རྟོགས་ཅིག་ལ་འཇོག་པའི་ཕྱིར། བསྔོ་བ་སྒོམ་ལམ་ལ་ལྡོག་ཆས་དབྱེ་ན། བཅུ་གཉིས་སུ་ཡོད་ཀྱང། ངོ་བོའི་སྒོ་ནས་དེ་ལྟར་དུ་མེད་དེ། བསྔོ་བ་སྒོམ་ལམ་ཡིན་ན། བསྔོ་བ་སྒོམ་ལམ་བཅུ་གཉིས་པོ་མཐའ་དག་ཡིན་དགོས་པའི་ཕྱིར། ཞེས་གསུངས། ས་མཚམས་སྒོམ་ལམ་ཁོ་ནར་ཡོད།
|
| Domain
|
ཆོས་ལུགས།
|
བསྔོ་བ་སྒོམ་ལམ་ (2)
| Part of speech
|
མིང་ཚིག
|
| Definition
|
རང་གི་དམིགས་པར་གྱུར་བའི་དགེ་རྩ་རྫོགས་བྱང་དུ་བསྔོ་བར་བྱེད་པའི་རྟོག་པར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། བསྔོ་བ་སྒོམ་ལམ་གྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན་བྱེད་ལས་མཆོག་ཏུ་གྱུར་པའི་བསྔོ་བ་སྒོམ་ལམ་ནས་ཕན་ཡོན་ཆེན་པོ་དང་ལྡན་པའི་བསྔོ་བ་སྒོམ་ལམ་གྱི་བར་བཅུ་གཅིག་ཡོད། བསྔོ་བ་ཡིན་ན། སྨོན་ལམ་ཡིན་པས་ཁྱབ་ཀྱང༌། སྨོན་ལམ་ཡིན་ན་བསྔོ་བ་ཡིན་པས་མ་ཁྱབ་སྟེ། བསྔོ་བ་ཡིན་ན་རང་གི་དམིགས་པར་གྱུར་པའི་བསྔོ་རྒྱུའི་དགེ་རྩ་ཡོད་དགོས་པའི་ཕྱིར་རོ། །
|