44512
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས། མཚན་ཉིད་ནི། ས་གཉིས་པ་ཐོབ་པའི་ཐེག་ཆེན་གྱི་བསྒོམ་ལམ་རྗེས་ཐོབ་ཡེ་ཤེས་གང་ཞིག དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཤེས་རབ་ཀྱིས་བསྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པའོ། །ས་མཚམས་ཀྱི་སྒོ་ནས་དབྱེ་ན། ཆུང་ངུའི་ཆུང་ངུ་ནས། ཆེན་པོའི་ཆེན་པོའི་བར་དགུ་ཡོད་པ་ལས། ཆུང་ངུའི་ཆུང་ངུ་དང། ས་གཉིས་པའི་བསྔོ་བ་བསྒོམ་ལམ་དོན་གཅིག་པ་ནས་ཆེན་པོའི་ཆེན་པོ་དང་ས་བཅུ་པའི་བསྔོ་བ་བསྒོམ་ལམ་དོན་གཅིག་པའི་བར་ནི་མོས་པ་བསྒོམ་ལམ་གྱི་སྐབས་ལྟར་ཤེས་པར་བྱའོ། །ཞེས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །པཎ་ཆེན་ཤཱཀ་མཆོག་གིས། མཚན་ཉིད་ནི། རང་གཞན་གྱི་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་སྒྱུར་བར་བྱེད་པའི་འདུན་པ་ཁྱད་པར་ཅན་དང་དབང་ལྡན་གྱི་ཚུལ་དུ་མཚུངས་པར་ལྡན་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དབྱེ་ན། བཅུ་གཉིས་སོ། །ས་མཚམས་ནི། ས་གཉིས་པ་ནས་བཅུ་པའི་བར་ན་ཡོད་དོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |