44514
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྔོ་བ་དང་སྨོན་ལམ་གཉིས་པོའི་ཁྱད་པར། བསྔོ་བ་ལ་ནི། བསྔོ་རྒྱུའི་རྫས་ངེས་པར་ཡོད་པ་ཞིག་དགོས་ལ། བསྔོ་རྒྱུ་ཡོད་དམ་མེད་ཀྱང་རུང། འདོད་བྱའི་དངོས་པོ་ཞིག་དོན་དུ་གཉེར་བ་ནི་སྨོན་ལམ་སྟེ། ཇི་སྐད་དུ། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་འབྱུང་བ་ལྟར་རོ། །འདི་ལ་ཡང། བསྔོ་བ་ཡིན་ལ། སྨོན་ལམ་མ་ཡིན་པ་ནི་མི་སྲིད་ཅིང། སྨོན་ལམ་ཡིན་ལ། བསྔོ་བ་མ་ཡིན་པ་ནི་ཤིན་ཏུ་མང་བའི་ཚུལ་ཤེས་དགོས་སོ། །དེའི་ནང་ནས་བསྔོ་རྒྱུ་ནི་བྱས་པའི་དགེ་བ་ཡིན་ལ། དེ་ལ་ཡང་དུས་གསུམ་དུ་བསགས་པའི་དབྱེ་བས་གསུམ་དུ་འགྱུར་བར་མདོ་ལས་གསུངས་ཤིང། དེ་ལའང་རང་གིས་བསགས་པ་དང། གཞན་གྱིས་བསགས་པའི་དབྱེ་བས་གཉིས་ལས། རང་གིས་བསགས་པ་ནི་དེ་ཉིད་བསྔོ་བར་བྱེད་ཅིང་། གཞན་གྱིས་བསགས་པ་ནི། རྗེས་སུ་ཡི་རང་བའི་སྒོ་ནས་ཡི་རང་གི་དགེ་བ་དེ་ཉིད་བསྔོ་བར་བྱེད་པ་ཡིན་གྱི། གཞན་གྱིས་བྱས་པ་དེ་ཉིད་བསྔོ་བ་མ་ཡིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡོམ་གསུམ་གསེར་ཐུར་ལས་སོ། ། བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི། དགེ་རྩ་བསྔོ་རྒྱུར་བྱས་ནས་དེ་ལ་མི་དམིགས་པའི་ཤེས་རབ་ཀྱིས་རྒྱས་བཏབ་ཏེ་སྨོན་ལམ་འདེབས་པ་ནི་བསྔོ་བ་དང་། བསྔོ་རྒྱུའི་དགེ་རྩ་དང་མ་འབྲེལ་བར་སྨོན་ལམ་རང་རྐྱང་དུ་འདེབས་པ་དང། བསྔོ་རྒྱུ་དང་འབྲེལ་ཡང་མི་དམིགས་པའི་རྣམ་པས་མ་ཟིན་པ་ནི་སྨོན་ལམ་ཙམ་ཡིན་པས། སྨོན་ལམ་དང་བསྔོ་བ་འདི་གཉིས་སྤྱི་དང་བྱེ་བྲག་གི་ཁྱད་པར་ཙམ་ཡོད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། ། |
| Domain | ཆོས་ལུགས། |