44525

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྔོས་བསྒྱུར་གྱི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྦྱིན་བདག་གིས་དགེ་འདུན་ལ་བསྔོས་པའི་རྫས་དགེ་སློང་གིས་རང་ལ་བསྒྱུར་ཏེ་ཐོབ་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། སྦྱིན་བདག་གིས་གོས་སམ་ལྷུང་བཟེད་གང་རུང་དགེ་སློང་གཞན་ལ་བསམ་པ་ཐག་པ་ནས་བསྔོས་པ་དགེ་སློང་རང་ཉིད་ལ་བསྒྱུར་བ་ཐོབ་པ་ན་སྤང་ལྟུང་དུ་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་སྦྱིན་བདག་གིས་དགེ་འདུན་ལ་བསྔོས་པ་ཉེ་དགས་རང་ལ་བསྒྱུར་བ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེ་བའོ། །ཞེས་གསུངས།
Domain ཆོས་ལུགས།