44562

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་གནས་ (1)
Part of speech མིང་ཚིག
Definition མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ན་པར་བཞུགས།
བསྙེན་གནས་ (2)
Part of speech མིང་ཚིག
Definition མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ན་པར་བཞུགས།
བསྙེན་གནས་ (3)
Part of speech མིང་ཚིག
Definition བྱེ་བྲག་སྨྲ་བའི་ལུགས་ལ་བསྙེན་གནས་ཡུལ་དགེ་སློང་ལས་ལེན་ཏེ། བསྙེན་པར་མ་རྫོགས་པ་དག་གིས་གཞན་ལ་སྡོམ་པ་འབོགས་པ་མི་དབང་བའི་ཕྱིར་རོ། །རྟེན་གྱི་གང་ཟག་ཀྱང་གླིང་གསུམ་གྱི་སྐྱེས་པ་དང་། བུད་མེད་ལས་གཞན་ལ་སྡོམ་པ་བཀག་སྟེ། མཛོད་ལས། ཟ་མ་མ་ནིང་སྒྲ་མི་སྙན། མཚན་གཉིས་མ་གཏོགས་མི་རྣམས་ལ། །ཞེས་སོགས་གསུངས་སོ། ། མདོ་སྡེ་པ་ནི་འགྲོ་བ་གཞན་ལའང་སྐྱེ་བར་འདོད་དེ་ཀླུ་གཞོན་ནུ་ཙམ་པ་ཞེས་བྱ་བ་དུས་བཟང་ལ་ཡན་ལག་བརྒྱད་ཀྱི་བསྙེན་གནས་བསྲུང་བ་དང་། རྒྱ་མཚོའི་ཀླུ་རྣམས་དུས་བཟང་ལ་རྒྱ་མཚོ་ནས་བྱུང་སྟེ། གསོ་སྦྱོང་ལེན་པ་ལ་སོགས་གསུངས་པ་རྣམས་སྒྲ་ཇི་བཞིན་འཆད་པའི་ཕྱིར་རོ། །ཡུལ་ཡང་དགེ་སློང་ཁོ་ན་ལས་ལེན་པའི་ངེས་པ་མེད་དེ། དྲང་སྲོང་གནས་འཇོག་གི་ཞུས་པའི་མདོ་ལས། དགེ་སྦྱོང་ངམ་བྲམ་ཟེའམ། རབ་ཏུ་བྱུང་བ་ཆོ་ག་ཤེས་པ་གཅིག་གི་གམ་དུ་སོང་ནས། ཞེས་བཤད་པ་སྒྲ་ཇི་བཞིན་དུ་འཆད་པའི་ཕྱིར་རོ། ། ཉན་ཐོས་ཀྱི་བསྙེན་གནས་དང་། ཐེག་ཆེན་གྱི་བསྙེན་གནས་ལ་ཆོ་གའི་ཁྱད་པར་ཡོད་དེ། ཉན་ཐོས་ཀྱི་བསྙེན་གནས་ནི་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས། གང་ཟག་གཞན་གྱིས་འབོག་ལ། དོན་ཡོད་ཞགས་པའི་རྟོགས་པ་ནས་གསུངས་པའི་བསྙེན་གནས་རྟེན་གྱི་དྲུང་དུ་རང་གིས་ལེན་པའི་ཆོ་ག་ཐེག་ཆེན་སེམས་བསྐྱེད་དང་འདྲ་བ་གསུངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།