44564

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་གནས་ཀྱི་བསླབ་བྱ་ (1)
Part of speech མིང་ཚིག
Definition བསྙེན་གནས་ཀྱི་བསླབ་བྱ་ནི། མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ཀྱི་ཡན་ལག་རྩ་བ་བཞི། བག་ཡོད་ཀྱི་ཡན་ལག་ཆང་སྤང་བ། བརྟུལ་ཞུགས་ཀྱི་ཡན་ལག་གར་སོགས་ཕྲེང་སོགས། མལ་ཆེ་མཐོ། ཕྱི་དྲོའི་ཁ་ཟས་གསུམ་སྤོང་བའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །
Domain ཆོས་ལུགས།