44568
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། གཞན་ལ་གནོད་པ་སྤོང་བ་ཡང་དག་པར་ལེན་པའི་ཡན་ལག་ནི། དེ་ལ་གཞན་གྱི་སྲོག་ལ་གནོད་པ་དང༌། ལོངས་སྤྱོད་ལ་གནོད་པ་དག་སྤོང་བ་ནི་ཡན་ལག་དང་པོའོ། ། བདག་དང་གཞན་ལ་གནོད་པ་སྤོང་བ་ཡང་དག་པར་ལེན་པའི་ཡན་ལག་ནི། མི་ཚངས་པར་སྤྱོད་པ་སྤོང་བ་ནི་ཡན་ལག་གཉིས་པའོ། །འདི་ལྟར་དེ་སྤོངས་པ་དེ་ནི་རང་གི་ཆུང་མ་ལ་མ་བརྟེན་པས་བདག་ལ་གནོད་པར་ཡང་མི་འགྱུར་ལ། གཞན་གྱི་ཆུང་མ་ལ་མ་བརྟེན་པས་གཞན་ལ་གནོད་པར་ཡང་མི་འགྱུར་བའི་ཕྱིར་རོ། ། ཡང་དག་པར་བླངས་པ་ལས་ཉམས་པ་ཕྱིར་གསོ་བའི་ཡན་ལག་ནི། བརྫུན་དུ་སྨྲ་བ་སྤོང་བ་ནི་ཡན་ལག་གསུམ་པ་ཡིན་ནོ། ། ཡང་དག་པར་བླངས་པ་ལས་མི་ཉམས་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་འཇོག་པའི་ཡན་ལག་ནི། ཆང་དང་བཅོས་པའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤོང་བ་མ་གཏོགས་པ་དེ་ལས་གཞན་པའི་གནས་གསུམ་པོ་དག་སྤོང་བ་ནི་ཡན་ལག་བཞི་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དུས་རྟག་ཏུ་གར་དང་གླུ་དང་རོལ་མོའི་སྒྲ་དང་སྤོས་དང་མེ་ཏོག་ཕྲེང་བ་དང༌། བྱུག་པ་དང༌། ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། དུས་མ་ཡིན་པའི་ཟས་ལ་བརྟེན་པ་དེ་དག་གིས་བདག་ཉིད་དབེན་པར་ཡུད་ཙམ་ཡུད་ཙམ་ལ་མཐོང་བ་དང༌། བདག་ནི་གསོ་སྦྱང་གིས་གསོ་སྦྱོང་བྱས་པ་ཡིན་ནོ་སྙམ་དུ་དུས་རྟག་ཏུ་དྲན་པ་ཉེ་བར་གནས་པར་འགྱུར་རོ། ། དྲན་པ་རྨོངས་པར་མི་འགྱུར་བའི་ཡན་ལག་ནི། ཆང་དང་བཙོས་པའི་ཆང་དང་སྦྱར་པའི་ཆང་བག་མེད་པའི་གནས་སྤོང་བ་ནི་ཡན་ལག་ལྔ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དྲན་པ་ཉེ་བར་གཞག་སྟེ་གནས་པ་ཡིན་ནོ་སྙམ་དུ་སེམས་ཀྱང་ཡན་ལག་དེས་ན་ཆང་གི་མྱོས་པས་མྱོས་ཤིང་རྨོངས་ཏེ་རང་དབང་མེད་པར་འཇུག་པར་འགྱུར་བའི་ཕྱིར་རོ། ། |
| Domain | ཆོས་ལུགས། |