44572
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ། ཉན་ཐོས་ཀྱི་བསྙེན་གནས་དང་། ཐེག་ཆེན་གྱི་བསྙེན་གནས་ལ་ཆོ་གའི་ཁྱད་པར་ཡོད་དེ། ཉན་ཐོས་ཀྱི་བསྙེན་གནས་ནི་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས། གང་ཟག་གཞན་གྱིས་འབོགས་ལ། དོན་ཡོད་ཞགས་པའི་རྟོགས་ནས་གསུངས་པའི་བསྙེན་གནས་ནི་རྟེན་གྱི་དྲུང་དུ་རང་ཉིད་ཀྱིས་ལེན་པའི་ཆོ་ག་ཐེག་ཆེན་གྱི་སེམས་བསྐྱེད་དང་འདྲ་བ་གསུངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། |
| Domain | ཆོས་ལུགས། |