44580
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་བསྙེན་པའི་གཞི་མའི་ལས་རིམ་སྟེ། དེ་ཡང་གཞུང་དོན་དངོས་ཀྱི་བསྐྱེད་དང་རྫོགས་པའི་ཐབས་གཞི་སྒྲུབ་དང་ལམ་སྒྲུབ་འབྲས་སྒྲུབ་དེ་དག་གི་གཞི་མའམ་རྨང་གཞི་ཁོག་དབུབ་ཀྱི་འཇུག་སྒོ་དགུ་རུ་ཡོད་པ་དེ་རྣམས་སོ། །དེ་ཡང་དཔལ་གསང་འདུས་དོན་གྱི་རྒྱུད་ལས། བསྙེན་པའི་གཞི་མ་མ་ཐེངས་ན། རྨེངས་གཞི་མེད་པའི་མཁར་ལེན་༼ལས་༽དང་། མགོན་སྐྱབས་མེད་པའི་ཁས་དྲག་འདྲ། ཞེས་པས་སོ། །དབྱེ་ན་ལས་རིམ་དགུ་ཡི་གྲངས་སུ་ཡོད་དེ། སྔོན་འགྲོ་ཕྱི་ཡི་བསྙེན་པ་གསུམ། ཉེ་བ་ནང་གི་བསྙེན་པ་གསུམ། བཅའ་གཞི་ལས་ཀྱི་བསྙེན་པ་གསུམ་དང་དགུ་སྟེ། དེ་དག་གི་དོན་ཡང་མ་ཚིག་རང་རང་གི་སྐབས་ན་བཀོད་ཡོད་པས་དེ་རུ་གཟིགས་པར་འཚལ། |
| Domain | ཆོས་ལུགས། |