44583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་པར་དཀའ་བའི་གནས་བཅུ་ (1)
Part of speech མིང་ཚིག
Definition དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། གནས་དང་གནས་མ་ཡིན་པ་ཤེས་པ། འདས་པ་དང་། མ་འོངས་པ། ད་ལྟར་བྱུང་བའི་ལས་དང་། ཆོས་ཡང་དག་པར་བླང་པ་ཤེས་པ། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ། ཁམས་དུ་མ་ཤེས་པ། མོས་པ་དང་རྣམ་པར་གྲོལ་བ་དུ་མ་ཤེས་པ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡན་པ་ཐམས་ཅད་ཤེས་པ། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ། ལྷའི་མིག་གི་ཤེས་པ། ཟག་པ་ཟད་པའི་ཤེས་པའོ། །
Domain ཆོས་ལུགས།