44588
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། བསྙེན་པར་མ་རྫོགས་པའི་རབ་བྱུང་ལ་བསྒྲུབ་པ་ལ་སྦྱིན་པའི་ལས་ཀྱིས་བསྒྲུབ་པ་ལྟ་བུ་སོགས་དང་། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་བསྙེན་པར་མ་རྫོགས་པའི་རབ་བྱུང་ལ་བསྒྲུབ་པ་ལ་གསུམ་ཡོད་དེ། དེ་ལ་སྦྱིན་པའི་ལས་ཀྱིས་བསྒྲུབ་པ་དང་། བསྐོ་བའི་ལས་ཀྱིས་བསྒྲུབ་པ་དང་། ཆད་པའི་ལས་ཀྱིས་བསྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། དེ་རྣམས་ཀྱི་ངོས་འཛིན་ཀྱང་སྔར་བཤད་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཞེས་པའི་དོན་དུ་རབ་བྱུང་གི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་ཞེས་སྦྱར་བའི་སྒོ་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |