From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བསྙེན་པར་རྫོགས་པ་རྣམ་པ་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། དེ་བཞིན་གཤེགས་པ་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ། ཡེ་ཤེས་མངོན་པར་རྟོགས་ནས་བསྙེན་པར་རྫོགས་པ། འོད་སྲུང་ཆེན་པོས་སྟོན་པར་ཁས་བླངས་ཏེ་བསྙེན་པར་རྫོགས་པ། སོ་ད་ཡས་དྲིས་པའི་ལན་ལོན་པར་ཤེས་ནས་བསྙེན་པར་རྫོགས་པ། གོའུ་ཏ་མི་སྐྱེ་རྒུའི་བདག་མོ་ཆེན་མོ་བླ་མའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པ། ཆོས་སྦྱིན་མ་འཕྲིན་པས་བསྙེན་པར་རྫོགས་པ། མཐའ་འཁོབ་ཏུ་འདུལ་བ་འཛིན་པ་ལྔས་བསྙེན་པར་རྫོགས་པ། སློབ་དཔོན་མེད། མཁན་པོ་མེད་པར་བསྙེན་པར་རྫོགས་པ། དགེ་སློང་ཚུར་ཤོག་ཅེས་གསུངས་པས་བསྙེན་པར་རྫོགས་པ། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །
|
| Domain
|
ཆོས་ལུགས།
|
བསྙེན་པར་རྫོགས་པ་རྣམ་པ་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། རང་བྱུང་ཉིད་ཀྱིས་བསྙེན་པར་རྫོགས་པ་ནི་རྫོགས་པའི་སངས་རྒྱས་དང་རང་སངས་སོ། །ངེས་པར་བགྲོད་པས་བསྙེན་པར་རྫོགས་པ་ཀུན་ཤེས་ཀོཎྜི་ནྱ་དང་རྟ་ཐུལ་དང་མཛེས་བཟང་དང་རླངས་པ་དང་མིང་ཆེན་རྣམ་པ་ལྔ་སྟེ། སྟོན་པའི་བྱ་བ་མང་དུ་བྱེད་པའི་དགེ་སློང་རྣམས་སོ། །དགེ་སློང་དག་ཚུར་ཤོག་ཅེས་པས་བསྙེན་པར་རྫོགས་པ་གྲགས་པ་ལ་སོགས་པ་རིགས་ཀྱི་བུ་དྲུག་ཅུ་རྣམས་སོ། །སྟོན་པ་ཁས་བླངས་པས་བསྙེན་པར་རྫོགས་པ་འོད་སྲུངས་ཆེན་པོའོ། །དྲིས་ལན་གྱིས་བསྙེན་པར་རྫོགས་པ་འཆར་ཀའོ། །བླ་མའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པ་སྐྱེ་དགུའི་བདག་མོ་ཆེན་མོའོ། །ཕོ་ཉས་བསྙེན་པར་རྫོགས་པ་ཆོས་ཀྱིས་བྱིན་པའི་དགེ་སློང་མའོ། །འདུལ་བ་འཛིན་པ་ལྔས་བསྙེན་པར་རྫོགས་པ་མཐའ་འཁོབ་ན་སྐྱེ་བོའི་ཡུལ་དུའོ། །བཅུ་ཚོགས་པས་བསྙེན་པར་རྫོགས་པ་ཡུལ་དབུས་སུའོ། །སྐྱབས་སུ་འགྲོ་བ་ལན་གསུམ་བརྗོད་པས་བསྙེན་པར་རྫོགས་པ་བཟང་པོ་ལ་སོགས་པ་དྲུག་ཅུའོ། །
|