44594
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་ཆོས་དགུ་ལྡན་གྱིས་བསྙེན་པར་རྫོགས་པ་ལ་ཁང་པའི་གནང་བ་སྦྱིན་པའི་ལས་ཀྱིས་བསྒྲུབ་པ་ལྟ་བུ་རྣམས་ཡིན་ལ། དེའི་ཚུལ་ཞིབ་པར་ནི། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་སྦྱིན་པའི་ལས་ཀྱིས་བསྒྲུབ་པར་བྱ་བའི་ཡུལ་དགེ་སློང་དེ་ཉིད་ཆོས་དགུ་དང་ལྡན་པ་དགོས་ཏེ། ཆོས་ཐུན་མོང་བ་བརྒྱད་ཀྱི་སྟེང་དུ་རང་རང་གི་གཞི་ལེགས་པ་དང་ལྡན་པ་དགོས་པའི་ཕྱིར། ཆོས་བརྒྱད་ཡོད་དེ། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། བསམ་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། གནས་ནས་མ་ཕྱུང་བ། ལྟ་སྤྱོད་ཀྱི་སྒོ་ནས་ཆོས་ལས་གཞན་པའི་ཕྱོགས་སུ་མ་སོང་བ། མཚན་མཐུན་པ། ཚོགས་སུ་མ་ལོངས་པ། རང་གིས་གསོལ་བ་ལན་གསུམ་དུ་འདེབས་པ་རྣམས་ཡིན་པའི་ཕྱིར། རང་རང་གི་གཞི་ལེགས་པ་དང་ལྡན་པའི་དོན་ཡོད་དེ། ཁང་པའི་གནང་བ་སྦྱིན་པ་ལྟ་བུ་ལ་མཚོན་ན་ས་གཞི་ལེགས་པར་བརྟགས་པ་དང། སྔར་གནང་བ་སྦྱིན་པ་དང་མ་འབྲེལ་བ་ལྟ་བུ་ཡིན་པའི་ཕྱིར། དེ་རྣམས་ཀྱི་དམིགས་གསལ་ཡོད་དེ། འཁོར་དང་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་ལ་ཡུལ་བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཙམ་གྱིས་མི་ཆོག་པར་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་དག་དང་ལྡན་པ་དགོས། སྨྱོས་པའི་གནང་བ་སྦྱིན་པ་ལ་ཡུལ་བསམ་པ་རང་བཞིན་དུ་གནས་པ་མི་དགོས། བཟོད་པའི་གནང་བ་སྦྱིན་པ་ལ་ཡུལ་གནས་ནས་མ་ཕྱུང་བ་མི་དགོས། མཐུན་པ་དང་མཐུན་པའི་གསོ་སྦྱོང་སྦྱིན་པ་ལ་ཡུལ་ལྟ་སྤྱོད་ཀྱི་སྒོ་ནས་ཆོས་ལས་གཞན་པའི་ཕྱོགས་སུ་མ་སོང་བ་མི་དགོས། དགེ་སློང་མའི་མགུ་བ་སྦྱིན་པ་དང་སྡོམ་པ་སྦྱིན་པ་ལ་ཡུལ་མཚན་མཐུན་པ་མི་དགོས་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |