44608

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་བཀུར་དམ་པ་མཆོག་གི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་དྲུག་ཅུ་རེ་བདུན་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་མཐའ་མ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལ་མཚན་དང་མདོ་གང་དུ་བསྡུས་པར་བགྲོ་བ་ལས། བསླབ་པའི་མཐའ་བཅུའི་གཉིས་པ་རྒྱུད་ཐོས་པས་དགྲོལ་བ་ལ་ཐོས་པ་བྱ་བའི་གནས་བླ་མ་ཤེས་པར་གདམས་པ་ཉེ་བར་བསྟན་པ་དང། ཐོས་པ་བྱ་བའི་གནས་བླ་མ་བརྟག་ཅིང་བཀུར་ཐབས་དང། ཐོས་པ་བྱས་པས་རྒྱུད་གྲོལ་བ་དངོས་དང། ཐོས་བསམ་ཆུབ་པའི་མཐར་དགོན་པར་བསྒོམ་པ་དང། བསླབ་པ་གཅེས་པར་གདམས་པ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པ་ལ་ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།