44620
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དངོས་གཞི་ནི། ལས་མངོན་དུ་གྱུར་པ་དང་དོན་གཅིག་པས། དེ་ཡང་དགེ་སློང་ལས་བྱེད་པས་བསྒྲུབ་བྱ་དེ་ཉིད་གསོལ་བ་གཅིག་དང་བརྗོད་པ་གསུམ་སྟེ། གསོལ་བཞིའི་ལས་ཀྱི་སྒོ་ནས་བསྙེན་རྫོགས་སུ་སྒྲུབ་པར་བྱེད་པ་ཡིན་ཏེ། འདི་ལ་དགོངས་ནས། བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱའོ། །ཞེས་གསུངས། བརྗོད་པ་གསུམ་ནི། ངོ་བོ་བརྗོད་པ། བྱ་བ་བརྗོད་པ། བྱེད་པ་བརྗོད་པའོ། །དེས་ན་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱའོ། །ཞེས་པའི་དངོས་བསྟན་གྱི་ཆོ་ག་དང། ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་སྐྱེེས་པ་བསྙེན་པར་རྫོགས་པར་བྱེད་པའི་ད་ལྟར་གྱི་གསོལ་བཞིའི་ཆོ་ག་དང། དེའི་སྒོ་ནས་སྐྱེས་པ་བསྙེན་པར་རྫོགས་པར་བྱེད་པའི་ད་ཆོག་གི་དངོས་གཞིའི་ཆོ་ག་གསུམ་དོན་གཅིག དེ་བཞིན་དུ་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ། །ཞེས་པའི་དངོས་བསྟན་གྱི་ཆོ་ག་དང། སྐྱེས་པ་བསྙེན་པར་རྫོགས་བྱེད་ཀྱི་ཉེས་མེད་ཕུན་ཚོགས་ཀྱི་ད་ཆོག་དང། ཚིགས་སྔ་མ་སྔོན་དུ་སོང་བའི་བསྒྲུབ་བྱ་མངོན་གྱུར་བཅུ་ཚང་བའི་སྒོ་ནས་བསྙེན་པར་རྫོགས་པའི་ཆོ་ག་དང། བསྙེན་པར་རྫོགས་པའི་ཆོ་གའོ། །ཞེས་པའི་ཆོ་ག་རྣམས་དོན་གཅིག་གོ ། སྤྱིར་མངོན་གྱུར་བཅུ་ཚང་བའི་བསྙེན་རྫོགས་ཀྱི་ཆོ་ག་ཡིན་ན། ཉེས་མེད་ཕུན་ཚོགས་ཀྱི་ཆོ་ག་ཡིན་པས་མ་ཁྱབ་སྟེ། ཚིགས་སྔ་མ་སྔོན་དུ་མ་སོང་ཡང་བསྙེན་པར་རྫོགས་པའི་ཚེ་མངོན་གྱུར་བཅུ་ཚང་བ་ཡོད་པའི་ཕྱིར་ཏེ། ཚིགས་སྔ་མ་སྔོན་དུ་མ་སོང་ན་བསྙེན་པར་རྫོགས་པའི་ཚེ་མངོན་གྱུར་བཅུ་མ་ཚང་བར་འགྱུར་བ་ཡིན་པས་ཁྱབ་པ་མེད་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |