44621

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་རྫོགས་ཀྱི་ཆོ་གའི་མཇུག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འཇུག་གམ་རྗེས་ཀྱི་ཆོ་ག་ལ། དུས་གོ་བརྗོད་པ་དང། བསླབ་བྱ་བརྗོད་པ་གཉིས། དང་པོ་ནི། དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ། །དེ་ནི་ཐུར་མ་སོར་བཞི་པས་བཟང་ངོ་། །དེ་ནི་སྐྱེས་བུ་ཉིད་ཅེས་ཐ་སྙད་དུ་བྱའོ། །ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པ་དང་དུས་ཚོད་ཀྱང་ངོ་ཞེས་སོགས་ཀྱིས་བསྟན། དུས་གོ་བརྗོད་པའི་དགོས་པ་ནི། བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་ཆེད་ཡིན་ཏེ། རང་ལས་གྲིབ་མ་སོར་གཅིག་གིས་བསླབ་པ་རྒན་པ་རྣམས་བསྙེན་བཀུར་གྱི་གནས་དང། གྲིབ་མ་སོར་གཅིག་གིས་གཞོན་པ་རྣམས་བསྙེན་བཀུར་གྱི་གནས་མ་ཡིན་ནོ། །ཞེས་ཤེས་པའི་ཆེད་ཡིན་ཕྱིར། བསྙེན་བཀུར་གྱི་ངོ་བོ་ནི་ཕྱག་དང་སྔོན་དུ་ལྡང་བ་སོགས་པ་བྱའོ། ། བསླབ་བྱ་བརྗོད་པ་ནི། གང་གིས་བརྗོད་ན་ལས་བྱེད་པས། གང་ཟག་གང་ལ་ན། བསྒྲུབ་བྱ་བསྙེན་པར་རྫོགས་ཟིན་པ་དེ་ལ་དུས་ནམ་གྱི་ཚེ་དུས་གོ་བརྗོད་པའི་དེ་མ་ཐག་ཏུ་བརྗོད་དོ། །བརྗོད་པར་བྱ་རྒྱུའི་གདམས་ངག་གམ། བསྒྲུབ་བྱ་རང་གི་ངོ་བོ་ནི་བཅུ་གཅིག་ཏུ་ཡོད་དེ། དེ་ཡང་གནས་རྣམས་ལ་བསླབ་པ་དང། ལྟུང་བར་འགྱུར་བ་ལ་བསླབ་པ་དང། དགེ་སློོང་དུ་བྱེད་པའི་ཆོས་ལ་བསླབ་པ་དང། མཆོག་ཏུ་འདོད་པར་བྱ་བ་ཡང་དག་པར་རྫོགས་པས་སྤྲོ་བ་བསྐྱེད་པ་ལ་བསླབ་པ་དང། ལོ་བརྒྱ་ལོན་པའི་དགེ་སློང་དང་ཡང་ཚུལ་ཁྲིམས་ཀྱི་བསླབ་པ་མཉམ་པ་ཉིད་ཡིན་པའི་ཕྱིར་སྤྲོ་བ་བསྐྱེད་པ་ལ་བསླབ་པ་དང། འཇིག་རྟེན་གྱི་ཚུལ་དང་འབྲེལ་བའི་གཟུགས་བརྙན་ལྟར་བསླབ་པ་དང། དུལ་བར་གནས་པ་ལ་བསླབ་པ་དང། དགོས་པ་རྗེས་སུ་སྒྲུབ་པ་ལ་བསླབ་པ་དང། མ་བརྗོད་པ་ཡང་དག་པར་བླངས་པ་ལ་བསླབ་པ་དང། རང་རྒྱུད་ཀྱི་བསྙེན་རྫོགས་ཀྱི་བསླབ་པ་ལ་གུས་པར་བྱ་བ་ལ་བསླབ་པ་དང། བསྒྲུབ་པར་བྱ་བ་ཐབས་བག་ཡོད་པ་ལ་བསླབ་པ་དང་བཅུ་གཅིག་གོ ། ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།