44622

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་རྫོགས་ཀྱི་བཤགས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགོས་པའི་དོན་ནི། འཆབ་པའི་ཉེས་པ་དག་པར་འགྱུར་བའོ། །བསྡུས་པའི་དོན་ལ་བཞི་ལས། ལྟུང་བ་གང་བཤགས་པ་ནི་ཆོས་གསུམ་ལྡན་ནོ། །དེའང་རང་གི་ལྟུང་བ་བཅབས་པའི་ཉེས་པ་གང་ཞིག་རང་གི་ཕམ་ལྷག་བཅབས་པ་ལས་གཞན་ཡིན་པ་སྟེ། རང་གི་ཕམ་པ་བཅབས་ན་ཕྱིར་བཅོས་མི་རུང་ལ། རང་གི་དགེ་འདུན་ལྷག་མ་བཅབས་ན་སྤོ་བ་སྤྱོད་དགོས་པའི་ཕྱིར་རོ། །བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་སྟེ། སྐབས་དོན་གྱིས་གྲུབ་བོ། །ངོ་བོ་ཤེས་ཤིང་དྲན་པར་ནུས་པ་སྟེ། གཞན་དུ་ན་དངོས་སུ་དག་བྱེད་ཀྱི་ཕྱིར་བཅོས་མེད་ཅིང་ཡིད་གཉིས་ཟ་ན་ལྟུང་བ་བཤགས་པ་མི་འཆགས་ཏེ་ལྟུང་བ་བྱིན་གྱིས་བརླབ་དགོས་པར་གསུངས་པའི་ཕྱིར་རོ། །ཡུལ་གང་ལ་བཤགས་པ་ནི་བཤགས་ཡུལ་ཆོས་བརྒྱད་ལྡན་གཅིག་ལ་སྟེ། མཐོལ་ཡུལ་ཆོས་བདུན་ལྡན་གྱི་སྟེང་དུ། ལྟུང་བ་མིང་རིགས་མཐུན་པ་དང་མི་ལྡན་པ་སྟེ། ཁ་ན་མ་ཐོ་བ་མི་ལྡན་པ་ལའོ་ཞེས་སོ། །རྟེན་གང་གིས་བཤགས་པ་ནི་རྟེན་ཆོས་བཞི་ལྡན་ཏེ། མཐོལ་བའི་སྐབས་སུ་བཤད་པ་དང་འདྲའོ། །ཆོ་ག་གང་གིས་བཤགས་པ་ནི་སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་སྔར་དང་འདྲ་ཞིང་། དངོས་གཞི་ནི་བཤགས་པ་མུ་བཅུ་དགུ་སྟེ། མཐོལ་བ་ལ་སྔར་བཤད་པ་བཞིན་ནོ། །མཇུག་གི་ཆོ་ག་ནི་མཐོང་སྡོམ་ལན་གསུམ་འདྲི་ཞིང་ལན་འདེབས་པ་དང་། ཐབས་ཡིན་ནོ་ལེགས་སོ་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།