44623
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སངས་རྒྱས་མངོན་འགྱུར་སྟོན་པའི་སྐུ་འདྲ་བཞུགས་པ། ཆོས་མངོན་འགྱུར་འདུལ་བའི་ལས་ཆོག་ཤེས་པ་དང་། དེ་ཡི་གླེགས་བམ། སྟོན་པ་མངོན་འགྱུར་དང་དགེ་འདུན་མངོན་འགྱུར་གཉིས་འདྲ་བས་ས་ཚིགས་ཀྱིས་ཕྱེ་བའི་མཐའ་འཁོབ་ཏུ་ལྔ་ཚོགས་ཡུལ་དབུས་སུ་བཅུ་ཚོགས་ཀྱི་དགེ་འདུན་གྱི་གྲངས་ཚང་བ། མཁན་པོ་མངོན་འགྱུར་ནི་བསྒྲུབ་བྱས་ལན་གསུམ་གསོལ་བ་བཏབ་པས་ཁས་བླངས་པ། སློབ་དཔོན་མངོན་འགྱུར་ནི་གསང་སྟེ་སྟོན་པ་དང་ལས་སློབ་ཚང་བ། ཡོ་བྱད་མངོན་འགྱུར་ནི་ཆོས་གོས་གསུམ། གདིང་བ། ཆུ་ཚུགས། ལྷུང་བཟེད་དྲུག དགེ་སློང་མ་ལ་ཡོ་བྱད་བརྒྱད་ཚང་བ། གསོལ་བ་འདེབས་པ་མངོན་འགྱུར་ནི་བསྒྲུབ་བྱས་ལན་གསུམ་གསོལ་བ་བཏབ་པ། བསྙེན་པར་རྫོགས་འདོད་མངོན་འགྱུར་ནི་ཞེ་ཐག་པ་ནས་བསྙེན་པར་རྫོགས་འདོད་ཡོད་པ། ཡོངས་སུ་དག་པ་མངོན་འགྱུར་ནི་བར་ཆད་ཀྱི་ཆོས་བཞི་དང་མི་ལྡན་པ། ལས་མངོན་འགྱུར་ནི་གསོལ་བ་གཅིག་དང་བརྗོད་པ་གསུམ་སྟེ་གསོལ་བཞིའི་ལས་ཚིགས་ཕྱེད་ཀྱང་མ་འཁྲུལ་བའོ། ། |
| Domain | ཆོས་ལུགས། |