44624
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགོས་པའི་དོན་ནི་སྤྱིར་ན་རང་གི་ལྟུང་བ་འཆབ་པའི་ཉེས་པ་མཐོལ་བའི་འཆབ་པའི་ཉེས་པ་བཤགས་པའི་རྟེན་དུ་རུང་བ་དང་། བྱེ་བྲག་ཏུ་རང་གི་ལྷག་མ་འཆབ་པའི་ཉེས་པ་མཐོལ་བས་སྤོ་བ་འཆགས་པའི་རྟེན་རུང་བའོ། །བསྡུས་པའི་དོན་ལ་བཞི་ལས། ཡུལ་གང་ལ་མཐོལ་བ་ནི། མཐོལ་ཡུལ་ཆོས་བདུན་ལྡན་ནོ། །རྟེན་གང་གིས་མཐོལ་བ་ནི་ཆོས་བཞི་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་ཕྱུང་བ་སྟེ་བཞིའོ། །དང་པོ་ལས་གཞན་དུ་ན་བསྙེན་པར་མ་རྫོགས་པས་ནི་རང་གི་ཕམ་པ་དང་འདྲ་བའི་ཉེས་བྱས་བཅབས་ན་གསོར་མི་རུང་ཞིང་ལྟུང་བ་གཞན་བཅབས་པའི་ཉེས་པ་ནི་བསྡམས་བྱ་ཡིན་ཏེ་བཤགས་མི་དགོས་སོ། །ལྟུང་བ་གང་མཐོལ་བ་ནི་འཆབ་པའི་ཉེས་པ་ཆོས་བཞི་ལྡན་ཏེ། དེའང་རང་གི་ལྟུང་བ་བཅབས་པའི་ཉེས་པ་ཡིན་པ་ཏེ། གཞན་གྱི་གནས་ངན་ལེན་འཆབ་པའི་ལྟུང་བ་ནི་ལྟུང་བ་དངོས་ཉིད་ཡིན་པས་སོ། །རང་གིས་ཕམ་པ་བཅབས་པ་དང་བསྡམ་བྱ་བཅབས་པ་ལས་གཞན་ཡིན་པ་སྟེ། དེའང་རང་གིས་ཕམ་པ་བཅབས་ན་ཕྱིར་བཅོས་མི་རུང་ལ། བསྡམ་བྱ་བཅབས་ཀྱང་ཡིད་ཀྱིས་བསྡམས་པ་ཙམ་གྱིས་འདག་ཅིང་མཐོལ་བཤགས་མི་དགོས་སོ། །བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང་། ངོ་བོ་ཤེས་ཤིང་དྲན་པར་ནུས་པ་སྟེ་སྐབས་གཞན་དུ་བཤད་པ་བཞིན་ནོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། |
| Domain | ཆོས་ལུགས། |