44627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་རྫོགས་ཀྱི་སྡོམ་པ་ནོད་པའི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བསྙེན་རྫོགས་ཀྱི་སྡོམ་པ་ནོད་པའི་སྔོན་དུ་འགྲོ་དགོས་ཀྱི་བྱ་བ་དག་ལ་ཟེར། དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསྙེན་རྫོགས་ཀྱི་སྡོམ་པ་ནོད་ཚུལ་ཡོད་དེ། སྦྱོར་བ། དངོས་གཞི། མཇུག་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པས་ལས་བྱེད་པ་དང་། གསང་སྟེ་སྟོན་པའི་སློབ་དཔོན་དུ་འགྱུར་རྒྱུའི་དགེ་སློང་ལ་གསོལ་བ་བཏབ་པ་དང་། བསྒྲུབ་བྱ་ཡུལ་གྱིས་མཁན་པོར་གསོལ་བ་བཏབ་པ་དང་། མཁན་པོས་ཀྱང་ཆོས་གོས་གསུམ་ལྷུང་བཟེད་དང་བཅས་པ་རང་གིས་བྱིན་གྱིས་བརླབས་ནས་བསྒྲུབ་བྱ་ཡུལ་ལ་སྦྱིན་པ་དང་། ལྷུང་བཟེད་ནི་བྱིན་གྱིས་བརླབས་པ་ཙམ་གྱིས་མི་ཆོག་པས་དགེ་འདུན་ལ་བསྟན་ནས་གནང་བ་ཐོབ་པ་སྦྱིན་པར་བྱ་བ་དང་། བསྒྲུབ་བྱ་ཚིག་མི་ཐོས་པའི་སར་བཀར་ནས་གསང་སྟོན་བསྐོ་བ་དང་། གསང་སྟོན་དུ་བསྐོས་པས་ལོག་ཏུ་བར་ཆད་དྲིས་ཤིང་ནང་དུ་འོང་བར་ཞུ་བ་དང་། ལས་སློབ་ཀྱིས་བརྡ་སྤྲད་ནས་བསྒྲུབ་བྱ་གསོལ་བ་འདེབས་སུ་གཞུག་པ་དང་། གསོལ་བའི་ལས་བྱས་ནས་དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་སོགས་ཀྱི་སྦྱོར་བའི་སྒོ་ནས་བསྒྲུབ་པར་བྱེད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།