44632

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་རྫོགས་སྒྲུབ་སྐབས་གསང་སྟོན་གྱི་དྲི་བ་སོ་གཉིས་ (1)
Part of speech མིང་ཚིག
Definition འདུལ་བ་གཞི་ལས་བྱུང་བ་སྟེ། ༡ སྐྱེས་པ་ཡིན་ནམ། ༢ སྐྱེས་པའི་དབང་པོ་དང་ལྡན་ནམ། ༣ ལོ་ཉི་ཤུ་ལོན་ནམ། ༤ ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། ༥ ཕ་མ་གསོན་ནམ། ༦ ཕ་མས་གནང་ངམ། ༧ བྲན་མ་ཡིན་ནམ། ༨ བརྐུས་པ་མ་ཡིན་ནམ། ༩ རྙེད་བཙོན་མ་ཡིན་ནམ། ༡༠ རྩོད་པ་ཅན་མ་ཡིན་ནམ། ༡༡ བཙོངས་པ་མ་ཡིན་ནམ། ༡༢ རྒྱལ་པོས་བཀྲབས་པ་མ་ཡིན་ནམ། ༡༣ རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། ༡༤ རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ༡༥ རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། ༡༦ བྱེད་དུ་བཅུག་པ་མ་ཡིན་ནམ། ༡༧ ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ༡༨ ཟ་མ་མ་ཡིན་ནམ། ༡༩ མ་ནིང་མ་ཡིན་ནམ། ༢༠ དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། ༢༡ རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ༢༢ ཐ་དད་དུ་གནས་པ་མ་ཡིན་ནམ། ༢༣ གནས་པར་མི་བྱ་བ་མ་ཡིན་ནམ། ༢༤ མུ་སྟེགས་ཅན་མ་ཡིན་ནམ། ༢༥ མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ༢༦ ཕ་བསད་པ་མ་ཡིན་ནམ། ༢༧ མ་བསད་པ་མ་ཡིན་ནམ། ༢༨ དགྲ་བཅོམ་པ་བསད་པ་མ་ཡིན་ནམ། ༢༩ དགེ་འདུན་གྱི་དབེན་བྱས་པ་མ་ཡིན་ནམ། ༣༠ དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་མ་ཡིན་ནམ། ༣༡ སྤྲུལ་པ་མ་ཡིན་ནམ། ༣༢ དུད་འགྲོ་མ་ཡིན་ནམ་ཞེས་དྲི་བ་བཅས་སོ། །
Domain ཆོས་ལུགས།