44640

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དགེ་ལུགས། བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་ནི། རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཉེ་བར་སྒྲུབ་པ་འབྱུང་བ་དང་། ། སྒྲུབ་པའི་དོན་གྱི་དམ་ཚིག་དང་། ། སྒྲུབ་པ་ཆེན་པོ་དག་དང་བཞི། ། ཞེས་གསུངས། དོན་ནི། གང་དུ་བསྒོམ་པ་གནས་ཀྱི་དེ་ཉིད་ནས་དེ་བཞིན་ཉིད་ལ་བྱང་ཆུབ་པའི་བར་ནི་བསྙེན་པའི་ཡན་ལག ཉི་མ་སོགས་ལ་དམིགས་པས་ལྡང་བའི་དེ་ཉིད་ནས་ཡན་ལག་ཁྲོ་བོར་སྒོམ་པའི་དེ་ཉིད་ཀྱི་བར་ནི་ཉེར་སྒྲུབ་ཀྱི་ཡན་ལག སྐུ་བྱིན་རླབས་ཀྱི་དེ་ཉིད་ནས་ཏིང་ངེ་འཛིན་སེམས་དཔའི་དེ་ཉིད་ཀྱི་བར་ནི་སྒྲུབ་པའི་ཡན་ལག། རིག་མ་འདུ་བྱ་བའི་དེ་ཉིད་ནས་ལུས་རྟས་པར་བྱེད་པའི་དེ་ཉིད་ཀྱི་བར་ནི་སྒྲུབ་ཆེན་གྱི་ཡན་ལག་ཡིན་ནོ། །
Domain ཆོས་ལུགས།