44641

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་སྒྲུབ་རྣམ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བསྙེན་པ་དང་། ཉེ་བསྙེན་དང་། བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོ་སྟེ། རྩ་རྒྱུད་གསང་བ་སྙིང་པོ་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་སྒྲུབ་ཆེན་པོས། །ཞེས་དང་། དཀོན་ཅོག་འགྲེལ་ལས། དེ་ལ་བསྙེན་སྒྲུབ་ནི་གསང་སྔགས་སྤྱིའི་ཚུལ་ལས་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་བ་ལ། དང་པོ་བསྙེན་པའི་མཚན་ཉིད་མཚན་མ་དང་དུས་དང་གྲངས་རྣམས་ལ་དམ་བཅས་པའི་བདག་ཉིད་ནི་བསྙེན་པ་ཞེས་གྲགས་སོ། །དམ་བཅས་པ་རྫོགས་ནས་དངོས་གྲུབ་བསྒྲུབ་པའི་མཚན་ཉིད་མཚན་ཐོག་མཐའ་དང་བཅས་པ་ནི་སྒྲུབ་པ་ཞེས་གྲགས་སོ། །རྒྱུད་ཁ་ཅིག་ལས་དེ་ཉིད་ཀྱི་ཡན་ལག་གི་དབྱེ་བས་བསྙེན་སྒྲུབ་ཡན་ལག་བཞིར་གྲགས་ཏེ། དེ་དག་གིས་ནི་དངོས་གྲུབ་བསྒྲུབ་པའི་སྤྱོད་པ་ཐམས་ཅད་བསྡུས་སོ། །ཞེས་དང་། འདིར་གྲགས་པ་ནི། བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་ཤེས་པ། ཉེ་བའི་བསྙེན་པ་ནི་བདག་ཉིད་ལྷར་ཤེས་པ། སྒྲུབ་པ་ནི་ཡུམ་བསྐྱེད་པ། སྒྲུབ་པ་ཆེན་པོ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་སྟེ། ཞེས་གསུངས།
Domain ཆོས་ལུགས།