44690
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་གྲོང་ཁྱེར་གསུམ་གྱི་ཆེད་དུ་སྣང་བའི་བསྟན་པ་གསུམ་སྟེ། ཐེག་པ་ཆེན་པོ་དང། ཐེག་པ་སྣ་ཚོགས་དང། ཐེག་པ་ཆུང་ངུའོ། །དེ་ཡང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལངྐའི་བདག་པོ། གྲོང་ཁྱེར་གསུམ་གྱི་ཆེད་དུ་བསྟན་པ་གསུམ་སྣང་བ་སྟེ། དེ་ཉིད་ཀྱི་རྐྱེན་གྱིས་ཐེག་པ་ཆེན་པོ་གསང་སྔགས་དང༌། དེ་འཛིན་གྱི་རྐྱེན་གྱིས་སྐལ་བ་མ་ངེས་པས་ཐེག་པའི་སྒོ་ཐ་དད་པ་སྣ་ཚོགས་དང༌། དེ་འཇུག་གི་རྐྱེན་གྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆུང་ངུར་སྣང་བར་མཛད་དོ། །དེ་དག་ནི་རིམ་པ་བཞིན་དུ་དེ་ཁོ་ན་ཉིད་མི་གཡོ་བར་རྟོགས་པས་ཆོག་པའི་ཕྱིར་དང༌། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་ཐབས་དང་སྒོ་མང་པོར་ཤར་བའི་ཕྱིར་དང༌། སྤྱོད་པ་ལ་བརྟེན་ནས་འདྲེན་པའི་ཕྱིར་ཆ་མཐུན་གྱི་ཚུལ་ལོ། །ཞེས་གསུངས། |
| Domain | ཆོས་ལུགས། |