44697

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པ་ཡོངས་སུ་འཛིན་པར་རིག་པར་བྱ་བ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition འཇིག་རྟེན་ཀྱི་ཆོས་བརྒྱད་ཀྱིས་མི་ཚུགས་པའི་ཏིང་ངེ་འཛིན་སྒྲུབ་པ་ལ་བརྩོན་པ། གཟུངས་ཡོངས་སུ་འཚོལ་བ་ལ་བརྩོན་པ། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་རྣམ་པར་ངེས་པ་ལ་མཁས་པ། གང་ཟག་གང་དག་མངོན་པར་བརྩོན་པ་དེ་དག་གི་གོས། ཟས་དང༌། མལ་ཆ་དང༌། སྟན་དང༌། ནད་ཀྱི་གསོས་སྨན། ཡོ་བྱད་རྣམས་བསྟབས་པས་ཡོངས་སུ་མི་སྐྱོ་བ། བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ལ་བརྩོན་པ། ལེགས་པར་བསམ་པ་སེམས་དང༌། ལེགས་པར་སྨྲ་བས་སྨྲ་བ་དང་ལེགས་པའི་ལས་བྱེད་པ། རབ་ཏུ་འབྱུང་བ་སེམས་པ་དང༌། རྒྱལ་པོ་ལ་དགའ་བ་ལ་སྐྱོན་དུ་རྟོག་པ། གཟུགས་སྡུག་ཅིང་གཟུགས་བཟང་བ་ཐམས་ཅད་ལ་མི་ལྟ་བའི་ཡིད་དང་ལྡན་པ། ཐ་ན་རྒྱལ་པོ་གཅིག་པུར་སྲེད་པས་བསྒྲུབ་པ་ལའང་མི་ལྟ་བའི་ཡིད་དང་ལྡན་པ།
Domain ཆོས་ལུགས།