44707

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པ་སྤྱི་འགྲེལ་གྱི་འགྲེལ་བཤད་དེ་ཉིད་རྣམ་ངེས་ (1)
Part of speech མིང་ཚིག
Definition མདོ་སྔགས་སྤྱིའི་ལྟ་འགྲེལ་སྐོར། ཇོ་ནང་གྷ་རུང་བ་ལྷ་ཡི་རྒྱལ་མཚན་གྱིས་བརྩམས་པའི་བསྟོད་འགྲེལ་ཞིག་སྟེ། དེའི་འགྲེལ་བྱ་ནི། ཀུན་མཁྱེན་དོལ་བོ་བ་རྟོན་པ་བཞི་ལྡན་གྱིས་མཛད་པའི་བསྟན་པ་སྤྱིའི་འགྲེལ་གྱི་བསྟོད་པ་ཚིགས་སུ་བཅད་པ་དེ་ཡིན་ལ། བརྗོད་བྱ་ཡང་རྣམ་པ་དྲུག་སྟེ། གཞུང་དེར། མདོའི་ཆོས་འཁོར་གསུམ་གྱི་དོན་སྟོན་ཚུལ་གྱི་སྒོ་ནས་བསྟོད་པ། ཁྱད་པར་སྔགས་ཀྱི་ཁྱད་ཆོས་སྟོན་ཚུལ་གྱི་སྒོ་ནས་བསྟོད་པ། མདོ་སྔགས་གཉིས་ཀྱི་གདུལ་བྱ་རིམ་པར་འཁྲིད་ཅིང་བདེ་གཤེགས་སྙིང་པོའི་དྲི་མ་སྦྱོང་ཚུལ་སྟོན་པའི་སྒོ་ནས་བསྟོད་པ། སྙིང་བོ་དེའང་གསང་སྔགས་མཐར་ཐུག་གི་དོན་དུ་སྟོན་པའི་སྒོ་ནས་བསྟོད་པ། གཞི་ལམ་འབྲས་གསུམ་སྟོན་པའི་སྒོ་ནས་བསྟོད་པའོ། །ཞེས་བྱུང་། བརྩམས་པར་མཇུག་གྲུབ་པའི་དུས་ནི། ཕྱི་ལོ་ ༡༣༩༦ ལོ་སྟེ། དགུང་ལོ་དོན་བརྒྱད་པ་རབ་བྱུང་བདུན་པའི་མེ་བྱི་ལོ་ཡིན་ཏེ། གཞུང་དེའི་མཇུག་ཏུ། མེ་ཕོ་བྱི་བའི་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་གཉིས་ལ་དབེན་གནས་ནམ་མཁའ་མཛོད་དུ་སྦྱར། ཞེས་བྱུང་།