44715
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་ལུགས་བསྟན་པ་མི་ལོ་ལྔ་སྟོང་དུ་གནས་ཞེས་གསུངས་པའི་ལོ་འགོ་འཛིན་ས་ནི་སྟོན་པའི་འདས་པའི་ལོ་དེ་ཉིད་དེ། རྩིས་གཞུང་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་ཤིང་ལས། བསྟན་པའི་གནས་ཚད་དེའི་སྟེང་ནས་ཇི་ཙམ་འདས་པའི་ཚུལ་ནི་རྒྱལ་བ་མྱ་ངན་ལས་འདས་པའི་ལོ་གང་ཡིན་པ་དེ་ནི་གནས་ཚད་གསུངས་པའི་འདས་ལོའི་ཐོག་མ་ཡིན་ལ། ཞེས་བྱུང་། །དེས་ན་ཕུག་ལུགས་ལ་ཕྱི་ལོ་སྔོན་གྱི་ལོ་ ༨༨༠ པ་ནས་དུས་བཞི་ཆེན་པོའི་བསྟན་རྩིས་དང་མདོ་ལུགས་དང་རྒྱུད་ལུགས་དག་གི་བསྟན་རྩིས་བྱས་པའི་ལོོ་འགོ་ཡིན་ནོ། ། |
| Domain | རྩིས་རིག |