44721

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པའི་དབང་ཕྱུག་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ཕྱི་ལོ་ ༡༨༥༥ ལོར་གཙང་ཐོབ་རྒྱལ་བྲུལ་ཚང་གི་ཡུལ་དུ་ཡབ་བསྟན་འཛིན་དབང་རྒྱལ་དང་། ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་པར་གསེར་བུམ་བརྟག་བསྒྲིལ་གྱིས་པཎ་ཆེན་བདུན་པའི་ཡང་སྲིད་དུ་ཐག་བཅད། དགུང་ལོ་དྲུག་པར་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་བློ་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ་བསྟན་པའི་དབང་ཕྱུག་དཔལ་བཟང་པོ་ཞེས་གསོལ། ཡོངས་འཛིན་བསྟན་པ་རྒྱལ་མཚན་ལས་མདོ་སྔགས་རིག་གནས་ཀུན་ལ་གསན། ངམ་རིང་ཆོས་སྡེ་ཞིག་གསོ་མཛད། ཉེར་གཅིག་པར་ས་སྐྱ་མཻ་ཏྲི་མངྒ་ལ་དྷརྨ་ཝརྡྷ་ལས་མཁན་པོ་མཛད། པཎ་ཆེན་སྡོམ་རྒྱུན་བཞེས། ཉེར་གསུམ་པར་ཕུར་ལྕོག་བྱམས་པ་རྒྱ་མཚོ་ལས་བླ་ཆེན་རྒྱུད་ཀྱི་སྡོམ་རྒྱུན་བསྐྱར་བཞེས་མཛད། ཕྱི་ལོ་ ༡༨༦༠ ལོ་ནས་ལོ་ཉེར་གསུམ་རིང་རྣམ་རྒྱལ་བཟོད་པ་དང་། ནོ་མི་ཧན་རྡོ་རྗེ་འཆང་བློ་བཟང་བསྟན་པ་རྒྱལ་མཚན། གཏིང་སྐྱེས་སྤྲུལ་སྐུ་བསྟན་པ་རྒྱལ་མཚན། མཛེས་པ་རྗེ་བཙུན་ཡེ་ཤེས་ཆོས་འཕེལ། ཕུར་ལྕོག་བྱམས་པ་རྒྱ་མཚོ་སོགས་ལས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད། རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ཕྱི་ལོ་ ༡༨༨༢ ལོར་ཐོབ་རྒྱལ་དུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ལྕང་སྐྱ་རིན་པོ་ཆེ། ཆབ་མདོ་འཕགས་པ་ལྷ། འཇམ་དབྱངས་བཞད་པ། དབྱངས་ཅན་གྲུབ་པའི་རྡོ་རྗེ། རྡོ་རྗེ་འཛིན་པ་བློ་བཟང་ཚུལ་ཁྲིམས། ལུང་རིགས་སྨྲ་བ་བློ་བཟང་བསྟན་འཛིན། དཀྱིལ་ཟུར་བློ་བཟང་སྦྱིན་པ་སོགས་ཡིན། གསུང་རྩོམ་ནི་རྣམ་ཐར་དང་། དཀར་ཆག ཆབ་ཤོག འཁྲུངས་རབས། གསོལ་འདེབས། བསྟོད་ཚོགས། སྙན་ངག་གི་དཔེར་བརྗོད། བཅའ་ཡིག་བཅས་པོད་གསུམ་བཞུགས།

{{#arraymap:བསྟན་པའི་དབང་ཕྱུག་

|; |@@@ | | }}