44722

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པའི་དུས་བཞི་ (1)
Part of speech མིང་ཚིག
Definition རྒྱལ་བའི་བསྟན་པ་ཉམས་རྒུད་འཇལ་བྱེད་ཀྱི་བསྟན་རྩིས་ཤིག་སྟེ། རིགས་ལྡན་དྲག་པོའི་བསྐྱར་གསོ་མ་བྱས་པའི་ཤཱཀྱའི་བསྟན་པའི་དུས་ཡུན་དེ་ལ་དུས་བཞི་སྔ་མ་ཞེས་སུ་གྲགས། རིགས་ལྡན་དྲག་པོའི་བསྐྱར་གསོ་བྱས་པའི་ཤཱཀྱའི་བསྟན་པའི་ཡུན་ཚད་ལ་དུས་བཞི་ཕྱི་མ་ཟེར། ལྡན་སྙིང་ཐིག་ལས། རྒྱལ་བའི་བསྟན་པ་སྔ་དར་ཚད། །ལོ་གྲངས་སུམ་སྟོང་སུམ་བརྒྱ་བཞི། །དེ་སྟེང་རིགས་ལྡན་དྲག་པོ་ཡིས། །གསོས་པའི་རྒྱལ་བསྟན་ཕྱི་དར་ཚད། །སྟོང་དང་བརྒྱད་བརྒྱ་བསྣན་པ་ན། །ལྔ་སྟོང་བརྒྱ་དང་བཞི་འབྱུང་བ། །རྒྱལ་བའི་བསྟན་པའི་གནས་ཚད་ཡིན། །ལྔ་སྟོང་ལས་ནི་བརྒྱ་དང་བཞིས། །མང་བ་རྒྱུད་འདིའི་ཁྱད་ཆོས་སུ། །ཕུག་པའི་ལུགས་ཀྱི་མཁས་རྣམས་སྨྲ། །ཞེས་བྱུང་།
Domain རྩིས་རིག