44726
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། བསྟན་པའི་བབ་ལུགས་ཆེན་པོ་གསུམ་ནི། རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་ལྷའི་རྔ་བོ་ཆེ་ལས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་གང་དུ་བསྐོར་བ་དང་། གང་གིས་བསྐོར་བ་དང་། བསྟན་པ་དེ་ཉིད་ཇི་ལྟར་བསྐྱངས་ཚུལ་དང་བཅས་པའོ། །དེ་ལ་རང་ལུགས་ཐུན་མོངས་མ་ཡིན་པའི་བསྟན་པའི་བབ་ལུགས་ཆེན་པོ་གསུམ་དུ་གནས་པ་སྟེ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུངས་ཀྱི་བརྒྱུད་པ་དང་གསུམ་མོ། །ཞེས་གསུངས། |
| Domain | ལོ་རྒྱུས། |