44728
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་ཀྱི་སྤང་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། རིགས་ངན་བླུན་ལ་ཁོང་ཁྲོ་བ། བསྟན་པའི་ཞབས་འདྲེན་སློབ་མ་སྟེ། དགེ་བའི་བར་ཆད་བྱེད་པ་སྤང། ཞེེས་གསུངས་པས། དེ་ཡང་རིགས་རྒྱུད་ངན་ཞིང་ལས་འབྲས་བླང་དོར་སོགས་ཀྱི་དོན་ལ་ཤིན་ཏུ་རྨོངས་ཤིང་བླུན་པ། བསྟན་པ་དང་སེམས་ཅན་ལ་གནོད་ཅིང་འཚེ་བའི་ཁོང་ཁྲོ་ཆེ་བའི་སློབ་མ་སྟེ། དེ་ཉིད་ཀྱིས་དགེ་བའི་ལས་ལ་བར་དུ་གཅོད་པར་བྱེད་པས་སྤང་བྱར་བསྟན་ཏོ། ། |
| Domain | ཆོས་ལུགས། |