44729
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་རྒྱུད་ཉིད་བསྟན་པ་གཞན་ལས་འཕགས་པའི་ཆེ་བ་བདུན་དུ་གསུངས་པའི་ཡ་གྱལ་ཞིག་སྟེ། དཔེ་འབྱུང་བཞི་རྒྱུ་འབྲས་བཅས་པ་ནམ་མཁས་གོ་འབྱེད་ཅིང་དེའི་ངང་ལས་འབྱུང་ཞིང་སྣང་བ་བཞིན་དུ། རྒྱུད་འདི་བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཆེ་བ་ལྡན་ཚུལ་ནི། གཟི་ལྡན་འཆར་ཁའི་འོད་སྣང་ལས། |
| Example | རྒྱུན་དང་བཅས་པའི་འབྱུང་བ་ཆེན་པོ་བཞི་རྩི་ཤིང་དང་བཅས་པ་རྣམས་དུས་ཐམས་ཅད་དུ་བར་མ་ཆད་པར་རྒྱུའི་ངོས་ནས་འབྱུང་བ་ནམ་མཁས་གོ་ཕྱེ་ཞིང་ནམ་མཁའི་ངང་ལས་འབྱུང་ཞིང་སྣང་བ་ཡིན་ལ། དེ་བཞིན་དུ་རྒྱུ་དང་འབྲས་བུའི་བསྟན་པ་ཇི་སྙེད་པ་གདུལ་བྱ་ལ་སྨྲ་བརྗོད་འབྱུང་བའི་ཐེག་པར་སྣང་བ་མ་ལུས་པ་རྣམས་ཀྱང་དེ་ཉིད་ཇི་བཞིན་པར་ངེས་པའི་ལུང་ཟབ་མོའི་བཀའ་གསང་གཏིང་དཔག་དཀའ་བ་འདིའི་དབྱིངས་ནས་བྱིན་རླབས་ཀྱིས་ཤར་ནས་ཁྱབ་གདལ་དུ་འབྱུང་བས་ན་བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཀྱང་ཡིན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |