From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བསྟན་བཅོས་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
ཐོས་པ་ལྷུར་ལེན་པའི་བསྟན་བཅོས། རྩོད་པ་ལྷུར་ལེན་པའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས།
|
| Domain
|
ཆོས་ལུགས།
|
བསྟན་བཅོས་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
དོན་མེད་པའི་བསྟན་བཅོས། དོན་ལོག་པའི་བསྟན་བཅོས། དོན་དང་ལྡན་པའི་བསྟན་བཅོས་སོ། །
|
བསྟན་བཅོས་གསུམ་ (3)
| Part of speech
|
མིང་ཚིག
|
| Definition
|
ངན་གཡོའི་བསྟན་བཅོས། སྙིང་པོ་མེད་པའི་བསྟན་བཅོས། སྡུག་བསྔལ་ལས་ངེས་པར་འབྱུང་བའི་བསྟན་བཅོས་སོ། །
|
བསྟན་བཅོས་གསུམ་ (4)
| Part of speech
|
མིང་ཚིག
|
| Definition
|
བསྟན་བཅོས་ཀྱི་དབྱེ་བ་གསུམ་ནི། ལུང་བཏུས་པའི་བསྟན་བཅོས་དང་། ལུང་འགྲེལ་བའི་བསྟན་བཅོས་དང་། ལུང་དོན་རིག་པའི་བསྟན་བཅོས་གསུམ་སྟེ། བཀའ་བརྒྱད་རྣམ་བཤད་ལས། བསྟན་བཅོས་ཞེས་པ་རྒྱལ་བའི་བཀའ་ཡི་རྗེས་སུ་འབྲངས་ནས་རྩོམ་པ་པོ་མཚན་ཉིད་དང་ལྡན་པས་ལེགས་པར་བཤད་པ་ཡིན་ལ། དེ་ཡི་དབྱེ་བ། ལུང་བཏུས་པའི་བསྟན་བཅོས། ལུང་འགྲེལ་བའི་བསྟན་བཅོས། ལུང་དོན་རིག་པའི་བསྟན་བཅོས་གསུམ། དང་པོ་ཆེད་དུ་བརྗོད་པའི་ཚོམ་ལ་སོགས་པ་ལྟ་བུ། གཉིས་པ་འབུམ་ཊཱིཀ་ལ་སོགས་པ་ལྟ་བུ། གསུམ་པ་ནི། ཇི་སྐད་དུ། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོངས། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་པ་ལྟར། ངན་པ་དྲུག་བྲལ་ཅིང་ཡོན་ཏན་གསུམ་དང་ལྡན་པ་སྟེ། རིགས་ཚོགས་དྲུག་དང་བྱམས་ཆོས་སྐོར་ལྔ་ལ་སོགས་པ་བཞིན་ནོ། །ཞེས་གསུངས།
|