44752
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྩམ་པའི་རྒྱུ་ནི། ཚིག་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ནི་རྒྱུའི་གཙོ་བོ་ཡིན་ནོ། །ཡང་ན་གཏན་ལ་དབབ་པ་བསྡུ་བ་ལས་སྔོན་གྱི་སློབ་དཔོན་ལ་ང་མི་རྒྱལ་བ་དང་། རང་གི་གྲགས་པ་མི་སྒྲོགས་པ་དང་། ཆོས་མཐུན་ལ་བྱམས་པ་དང་། སེམས་ཅན་ལ་སྙིང་བརྩེ་བ་བཞི་དང་ལྡན་ན་བསྟན་བཅོས་བརྩམས་པར་གསུངས་པ་ལྟར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་གསུམ་ལྡན་ལས་སོ། ། |
| Domain | ཆོས་ལུགས། |