44763
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བསྟན་བཅོས་ལུས་ཀྱི་དགོས་པ་བརྗོད་བྱ་ཉིང་དགོས་འབྲེལ་བ་བཅས་བཞི་ལ་ཟེར། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་བཞི་ཚན་གསུམ་པའི་དོན་ཀྱང་བཤད་དུ་ཡོད་དེ། སོ་ཐར་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་བསྟན་བཅོས་ལུས་ཀྱི་བརྗོད་བྱ། བསྟན་བཅོས་ལ་བརྟེན་ནས་གདུལ་བྱས་བརྗོད་བྱ་རྟོགས་པ་དགོས་པ། བརྗོད་བྱ་ཉམས་སུ་བླངས་པ་ལ་བརྟེན་ནས་གདུལ་བྱས་ལྷག་མེད་མྱང་འདས་ཐོབ་པའམ་ཐོབ་པའི་ལྷག་མེད་མྱང་འདས་ཉིང་དགོས། ལྷག་མེད་མྱང་འདས་ཐོབ་པ་བརྗོད་བྱ་ཚུལ་ཁྲིམས་ཉམས་སུ་བླངས་པ་ལས་བྱུང་། ཚུལ་ཁྲིམས་བསྟན་བཅོས་ལས་བྱུང་བ་འབྲེལ་པ་ཡིན་པའི་ཕྱིར། གདུལ་བྱས་ལྷག་མེད་མྱང་འདས་འཐོབ་པ་ཉིང་དགོས་སུ་མི་རུང་སྟེ། དེ་སོ་སོ་སྐྱེ་བོའི་རྒྱུད་ལ་ཡང་ཡོད་པའི་ཕྱིར། ཆོས་བཞིའི་ངོས་འཛིན་དེ་ལྟར་ཡིན་པ་ཊཱིཀྐ་ལས་གསུངས་ཏེ། བརྗོད་པར་བྱ་བ་ནི་ཆོས་འདི་པ་དག་གི་ཚུལ་ཁྲིམས་ཏེ་ཞེས་དང་། འདིར་དགོས་པ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚུལ་ཁྲིམས་རྟོགས་པ་སྟེ། ཞེས་དང་། དེའི་ཕྱིར། དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། དེ་ཡང་ངེས་པར་འབྱུང་བ་ཞེས་པས་བསྟན་ཏེ། ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པའོ། །ཞེས་དང་། མདོ་འདི་ནི་ཐབས་ཡིན་ལ། ཚུལ་ཁྲིམས་བསྟན་པ་ནི་ཐབས་ལས་བྱུང་བ་སྟེ། ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ནི་འབྲེལ་པ་ཡིན་ཏེ། རྒྱུ་དང་འབྲས་བུའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ ། ཞེས་གསུངས་པའི་ཕྱིར། ཞེས་གསལ། |
| Domain | ཆོས་ལུགས། |