44776
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞུང་ངོ་སྤྲོད་སྐོར། མཚན་རྒྱས་པ་ནི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ཞེས་འབྱུང། མཛད་པ་པོ་ནི་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ཡིན། རྗོད་བྱེད་ཀྱི་ཚིག་ལ་སྐབས་ལྔ་ཕྱེས་ཏེ་བསྟན་བཅོས་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་གཅིག་དང་བཅུ་དྲུག་གི་མཚན་དང་གཞུང་ཚད་གོ་རིམ་གྲངས་དང་འགྱུར་བྱང་བཅས་གསལ་བོར་བཀོད། དེ་ཡང་གཞུང་དེའི་མཇུག་ཏུ། འདིའི་ཕྱི་མོ་ཆོས་གྲྭ་ཆེན་པོོ་སྣར་ཐང་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་འཚལ་ལ་ཞུས་ཤིང་། དེར་མ་འདུས་པའི་དཔེ་ཕྱི་དཀོན་པ་དང་། གསར་དུ་འགྱུར་བ་ཆོས་གྲྭ་ཆེན་པོ་ཞ་ལུའི་བསྟན་བཅོས་འགྱུར་རོ་འཚལ་གྱི་ནང་ན་བཞུགས་པ་རྣམས་ལ་ཞུས་ཏེ། དེར་ཡང་མ་འདུས་པའི་བསྟན་བཅོས་གསར་དུ་འགྱུར་བ་ཅི་རིགས་པ་ཞིག་གི་ཕྱི་མོ་ཡང་འབད་པ་ཆེན་པོས་བཙལ་ཏེ་ལེགས་པར་ཞུས་སོ། །ཞེས་བྱུང་། མཛད་པའི་དུས་ནི་གསལ་བར་མ་བཀོད་མོད། ཇོ་ནང་ལོ་ཙཱ་བ་བློ་གྲོས་དཔལ་དང་། ས་བཟང་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་རྣམ་གཉིས་ཀྱིས་དུས་འཁོར་རྒྱུད་ཤོང་འགྱུར་གྱི་སྟེང་དུ་སླར་ཡང་འགྱུར་བཅོས་བྱས་པའི་རྒྱུད་འགྱུར་བྱང་དང་བཅས་པ་དཀར་ཆག་འདིར་འཁོད་ཡོད་པ་དང་། ལོ་ཙཱ་བ་བློ་གྲོས་རྣམ་གཉིས་ཀྱིས་འགྱུར་བཅོས་མཛད་དུས་ཕྱི་ལོ་ ༡༣༣༤ ལོ་ཡིན་པ་དང་དེ་དུས་ཕྱོགས་རྒྱལ་བ་དགུང་ལོ་ཉེར་དགུ་བ་ཡིན་པ་དང་། དུས་ཕྱིས་ས་བཟང་ལོ་ཙཱ་བས་ཀྱང་རང་གིས་རྒྱ་འགྱུར་དང་འགྱུར་བཅོས་བྱས་པ་རྣམས་དཀར་ཆག་དེར་གསལ་ཞེས་བླང་དོར་རབ་གསལ་སྣང་བ་ལ་གསུངས་ཡོད་པ་དང་། ས་བཟང་འདས་དུས་ཕྱི་ལོ་ ༡༣༧༦ ཡིན་ལ། དེས་ན་ཕྱི་ལོའི་༼༡༣༣༤-༡༣༧༦༽དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཙམ་ལ་མཛད་པའོ། ། |