44778

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་གཉིས་པ་ངག་འབྱུང་གཉིས་པ་གྲུབ་དབང་དཀོན་མཆོག་ལེགས་ལྡན་ (1)
Part of speech མིང་ཚིག
Definition གླིང་བསྟན་འཕེལ་མར་གླིང་ངག་འབྱུང་གཉིས་པ་གྲུབ་དབང་དཀོན་མཆོག་ལེགས་ལྡན་མཆོག་ནི། འཁྲུངས་ཡུལ་རྫ་བརྒྱུད་ཕུ་ཚུར་རོ་མ་ཞེས་པའི་རྣམ་དཀར་ཅན་གྱི་ཁྱིམ་བདག་སར་མཚན་དཔེ་བཞད། རིག་བདག་ཁམས་སྤྲུལ་དང་། བསྟན་འཕེལ་ཀུན་བཟང་རྒྱ་མཚོ་གཉིས་ཀྱི་མདུན་ནས། དཔལ་འབྲུག་པའི་ཟབ་ཆོས་གདམས་སྐོར་ཡོངས་རྫོགས་གསན། བསྟན་དགོན་ལ་གཟིགས་སྐྱོང་བླ་ན་མཐོ་བ་གནང་ཞིང་། ཁམས་སྤྲུལ་བཞི་པའི་རང་རྣམ་ལས། རབ་བྱུང་བཅུ་གསུམ་ ༡༧༤༩ བླ་རྒན་ངག་འབྱུང་དེ་ཉིད་ལུས་གནད་དང་བཅས་ཞི་དབྱིངས་སུ་མནལ་བའི་ཞལ་ཆེམས་སུ། ངེད་མ་འབྱོར་བར་ཐུགས་དམ་ལ་འདི་ཀ་ཚུགས་བྱས་ནས་སྡོད་པའི་གདེང་ཙམ་ཡོད་ཡིན། སྐབས་སུ་ལུས་གནད་ཡོ་བ་སོགས་བྱུང་ན་རྣ་བའི་བུ་ག་ནས་སྐད་ཤུག་ཆེ་ཆུང་རན་པས། ཐུགས་དམ་གསལ་འདེབས་བྱོས་ལ་བོས་ཤོག་གསུངས་པ་བཞིན། གདུང་གཡོག་རྣམས་ཀྱིས་ཀྱང་དེ་བཞིན་བྱེད་འདུག་པའི་སྐབས་སུ། ཅུང་ཟད་ཡོ་བའང་འཕྲལ་འཕྲལ་དུ་སངས་པ་བྱུང་འདུག སླེབ་པའི་ནུབ་མོ་རང་ནས་གདུང་སྔས་སུ་ཕྱིན། ཐུགས་དམ་གསལ་འདེབས་ལམ་སྟོན་བགྱིས་ནས། ངེད་ཚུར་ཡོང་འཕྲལ། ཡེ་ཤེས་གོང་འཕོའི་ལྟས་བཅས་མདུན་དེར་ཁ་བུབ་འདུག་ཅེས་གསུངས།