44779

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་གཉིས་པ་ངག་འབྱུང་གསུམ་པ་ངག་དབང་འབྱུང་གནས་ (1)
Part of speech མིང་ཚིག
Definition ངག་འབྱུང་གསུམ་པ་ངག་དབང་འབྱུང་གནས་མཆོག་ནི། འཕགས་པའི་ཡུལ་དུ་གྲུབ་ཆེན་ས་ར་ཧ་དང་། གངས་ལྗོངས་མདོ་སྨད་ཡུལ་གྱི་གླིང་གེ་སར་གྱི་བཀའ་ཡི་བློན་པོ། ཚ་ཞང་འདན་མའི་སྐྱེ་སྲིད་བཞེས་པར་གྲགས། རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་གསུམ་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་སློབ་ཆེན་ལ། མོས་གུས་མཐར་ཕྱིན་གྱི་སློབ་ཆེན་བཞི་ཡོད་པའི་ནང་གི་ཡ་གྱལ་ཞིག་ཡིན། སྐུ་ཐོག་དང་པོ་འདི་དཔལ་ཆེན་སྒ་ལོ་དང་དུས་མཉམ། སྒ་ལོ་ཕུ་ཚུར་རོ་མ་ཚང་གིས་སྦྱིན་བདག་བྱས་ནས། ཕུ་ཚུར་བཞུགས་ཤིང་། སྐུ་གདུང་ངོ་མཚར་ཅན་དེ་ཡང་ཕུར་ཚུར་དུ་ཡོད། གླིང་སྒ་བདེའི་ཤོག་ཆེན་བཅོ་བརྒྱད་དུས་སུ། གཡས་རུ་སྒ་ཡི་སྡེ་པ། གཡོན་རུ་འབྲུ་ཡི་སྡེ་པ་ལས། གཡོན་རུ། དུད་ཚང་བདུན་ཡོད་པས་སྦྱིན་བདག་བྱས་ཏེ། གོ་ཚང་གཡུ་རྩེའི་སྒྲུབ་ཕུག་ཞིག་ཏུ་བཞུགས་ཏེ་སྒྲུབ་པ་གནང་། དེའི་དུས་སུ་སོག་དམག་གིས་ཁམས་ཕྱོགས་དབང་བསྒྱུར་བྱེད་པའི་དུས་ཡིན་ཞིང་། གཡོན་རུ་བུ་མོ་ཐར་ནས་ཐབས་མཁས་ཀྱིས་སོགས་དམག་དཔའ་ཞུམ་པར་བྱེད་པའི་གནའ་གཏམ་འདུག དེ་སྐབས་རུ་དུད་ཉུང་ཤས་ལས་མེད་ཅིང་ཕལ་ཆེས་ངག་འབྱུང་བླ་མ་ལ་མཆོད་གནས་བྱེད་སྐད།