44781

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་གཉིས་པ་ངག་འབྱུང་དྲུག་པ་མི་ཕམ་བསྟན་འཛིན་འཕྲིན་ལས་ (1)
Part of speech མིང་ཚིག
Definition བསྟན་འཕེལ་ངག་འབྱུང་དྲུག་པ་མི་ཕམ་བསྟན་འཛིན་འཕྲིན་ལས་མཆོག་ནི། ས་ཡོས་ ༡༩༧༩ ལོར་དཀར་མཛེས་ཁུལ། སྡེ་དགེ་རྫོང་། ཡ་དིང་གོང་ཚོ་རུ་ཕ་འགུ་ལོ་དང་། མ་བསོད་ནམས་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ས་སྐྱ་གོང་མ་རིན་པོ་ཆེ་ནས་ཕ་འགུ་ལོ་དང་། མ་བསོད་ནམས་ཆོས་མཚོ་གཉིས་ཀྱི་བུ། ཁྱེའུ་ལུག་ལོ་པ་དེ་ངག་འབྱུང་སྤྲུལ་སྐུ་ཡང་སྲིད་དུ་ངོས་འཛིན་བྱེད་ན། བསྟན་འགྲོར་ཕན་ཐོགས་ཆེ་ཞེས་གནང་ནས། མཚན་མི་ཕམ་བསྟན་འཛིན་འཕྲིན་ལས་ཞེས་གསོལ། སློབ་དཔོན་རོ་མོའི་སེངྒེ་ལས་འབྲི་ཀློག་བསླབས། ནང་ཆེན་ཨ་ལྡེའུ་བརྒྱད་པའི་མདུན་ནས་དཔལ་ལྡན་འབྲུག་པའི་ཆོས་སྐོར་དང་། པད་དཀར་བཀའ་འབུམ་སོགས་ཀྱི་ལྗགས་ལུང་གསན། རབ་བྱུང་གི་སྡོམ་པ་བཞེས། ཚ་ཚའི་སྒྲུབ་དཔོན་བླ་མ་ཚེ་དཔལ་གྱི་སློབ་མ། ཟོག་པའི་སྒྲུབ་བརྒྱུད་མདུན་ནས་ཟབ་ཆོས་ཞུ་བཞིན་ད་ལྟ་སྐུ་འཚོ་བཞིན་བཞུགས་ཡོད།