44782
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲགས་མཚན་ས་འདར་བླ་མ་རྒྱ་རའམ་གཞན་ཕན་མཐའ་ཡས་ངག་འབྱུང་སྤྲུལ་སྐུ་མཆོག་ནི། གླིང་ཚང་མངའ་སྡེ་མགོ་བྱེད་ཚང་སར་སྐུ་འཁྲུངས། སི་ཏུ་ཆོས་འབྱུང་རང་རྣམ་དུ། བསྟན་འཕེལ་ངག་དབང་འབྱུང་གནས་ཞེས་འདུག་པ་འདི་ཡིན་ན། ཁམས་སྤྲུལ་སྒྲུབ་བརྒྱུད་ཉི་མ་དང་། བསྟན་འཕེལ་གྲུབ་མཆོག་ཉི་མ་སོགས་བླ་མ་བསྟེན་པ་ཞིག་དངོས་སུ་ཡིན་འདུག གཞན་ཡང་ཁམས་སྤྲུལ་དྲུག་པ་བསྟན་པའི་ཉི་མ་དང་། ཨ་འཛོམ་འབྲུག་པ། རྗེ་དཀོན་མཆོག་ཡན་ལག་སོགས་ལས་རིས་མེད་ཀྱི་ཆོས་སྐོར་སྣ་ཚོགས་གསན། ལོ་མང་རིང་བཅད་རྒྱར་བཞུགས་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། རྫུ་འཕྲུལ་ལ་དབང་འབྱོར། མགོན་ཁང་དུ་སྤྱན་གཟིགས་ཀྱི་གྲི་ཞིག་ཡི་གེ་ཙ་ཡིག་གི་རྣམ་པ་ཅན་ཕྱག་མདུད་གནང་། ཁ་བ་དཀར་པོར་གནས་བསྐོར་དུ་ཕེབས་སྐབས་ཇག་པར་ཕཊ་སྒྲ་དང་ཕྱག་མཁར་ས་ལ་བསྣུན་པས་ས་གཡོས། ཇག་པས་འགྱོད་བཤགས་བྱས། ཕྱག་མཁར་དེང་གི་དུས་སུ་ཡང་ཡོད། རྟའི་སྟེང་དུ་རྡོ་སྐྱིལ་གྱིས་ཕེབས་པ། ཞལ་དཀར་རྡོར་རྡེག་ཀྱང་མི་ཆག་པ་སོགས་གྲུབ་རྟགས་མང་། རོ་མཉམ་གྱི་རྟོགས་པ་མངོན་དུ་གྱུར་ནས། གཙང་རྨེ་ཀུན་བྲལ་གྱི་རྣམ་ཐར་མང་ངོ་། ། |