44783

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་གཉིས་པ་ངག་འབྱུང་ལྔ་པ་བློ་གྲོས་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition བསྟན་འཕེལ་ངག་འབྱུང་ལྔ་པ་བློ་གྲོས་རྣམ་རྒྱལ་མཆོག་ནི། དཔལ་དཔུང་ཟོག་པ་ཁེ་ལེ་ཚང་སར་སྐུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེ་དབང་པོས་ངོས་འཛིན་འཁྲུལ་བྲལ་གནང་། བླ་མ་སྨན་རིག་ནས་འབྲི་ཀློག་དང་དཀྱིལ་འཁོར་ཕྱག་ལེན་དང་བཅས་ཆ་ཚང་བསླབས། བསྟན་འཕེལ་ལྔ་པ་རྒྱལ་སྲས་ཕྲིན་ལས་རྣམ་རྒྱལ་མདུན་ནས། རང་ལུགས་དཔལ་ལྡན་འབྲུག་པའི་ཆོས་སྐོར། དཀྱིལ་འཁོར་བཅུ་གསུམ་གཙོ་སོགས་སྨིན་གྲོལ་གདམས་པ་རྒྱ་ཆེར་གསན་ཞིང་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པའང་དེ་ལས་བཞེས། དགུང་གྲངས་བཅུ་དྲུག་ཐོག་བསྟན་དགོན་གྱི་བཅའ་སྒྲིག་དང་། འབུད་རྡུང་དཀྲོལ་གསུམ། གདངས་དབྱངས་འཆམ་སོགས་ཆ་ཚང་མཁྱེན་ཞིང་ཞིབ་གཟིགས་གནང་། ཡུལ་དགོན་གཉིས་ཀྱིས་དད་གུས་ཆེ། གཞན་ཡང་ཞེ་ཆེན་རབ་འབྱམས་མདུན་ནས་རིན་ཆེན་གཏེར་མཛོད་ཀྱི་སྨིན་དབང་ཆ་ཚང་མནོས། ཚབ་ཚ་སྒྲུབ་རྒན་སྤྲུལ་སྐུ་སྐྱེ་སྲིད་བརྒྱད་པ་ཀརྨ་བློ་གྲོས་ངེས་དོན་བསྟན་འཛིན་སེངྒེའི་མདུན་ནས་རྒྱལ་བའི་བཀའ་འགྱུར་གྱི་བཀླག་ལུང་གསན། རྒྱ་དམར་གྱི་དུས་འགྱུར་སྐབས་བཙོན་ཁང་དུ་དགུང་གྲངས་ ༢༣ ཐོག་ཞི་བར་གཤེགས།