44784

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་གསུམ་པ་དབང་ཕྱུག་སྤྲུལ་སྐུ་ཕྲེང་གསུམ་པ་ཇི་གཅོད་ཆོས་མགོན་སྤྲུལ་སྐུ་ (1)
Part of speech མིང་ཚིག
Definition དེ་ཉིད་ཀྱི་སྐྱེ་སྲིད་བཀའ་ལུང་བཞིན་རྒྱལ་པོ་དང་མཇལ་ནས་སྔོན་གནས་ཀྱི་གསུང་རྣམས་ཞལ་གསལ་ངོ་མཚར་ཅན་གསུངས་པས། གླིང་ཚང་གི་དབུ་བླ་མཛད་ཕུར་པ་བཅོལ་བ་ཡང་བྱུང་། སྐུ་སྔོན་གྱི་སྒྲུབ་གནས་རྒྱ་ཞུ་བྲག་དཀར་ལ་སྒྲུབ་པ་མཐར་ཕྱིན། འབངས་མི་ཡོངས་ཀྱི་སྤྱི་བོའི་གཙུག་ཏུ་གྱུར། སྐྱེ་སྲིད་རྗེས་མ་རྫ་རྒྱུད་གླིང་བསྟན་འཕེལ་དགོན་དུ་སྐུ་བཞེངས་རྒྱུའི་མ་འོངས་སྔོན་ལུང་གསུང་། སྐུ་ཕྲེང་གསུམ་ལ་གཞན་གྱི་ངོས་འཛིན་མ་དགོས་པར་ཉིད་ཀྱི་སྔོན་གནས་རྗེས་དྲན་གྱི་ཁྱད་ཆོས་ཀྱི་ཡོན་ཏན་དེའི་སྒོ་ནས་ཕེབས་པར་བཤད། ངོ་མཚར་བའི་རྣམ་ཐར་དང་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་ཡོད་པར་གླེང་།